མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཧྲང་ཧེ་གྲོང་ཁྱེར་ལུས་རྩལ་ཅུའུ་གཉིས་ཀྱིས་མཉམ་སྐྲུན་གྲོས་མཐུན་བཀོད།
2018.11.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ།  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཧྲང་ཧེ་གྲོང་ཁྱེར་ལུས་རྩལ་ཅུའུ་གཉིས་ཀྱིས་མཉམ་སྐྲུན་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་མཚོ་སྔོན་གྱི་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་པ་སྟེ།  ཉིས་སྟོང་ཉི་ཤུ་ལོ་དང་ཉིས་སྟོང་ཉེར་བཞི་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་འོས་འགན་མཉམ་འགྲུབ་བྱ་རྒྱུ་རེད།

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན།  ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་དང་ཅུའུ་ཀྲང་གཞོན་པ་ཡང་ཧེ་ཉིང་གཉིས་ཧྲང་ཧེར་སོང་ནས།  ཧྲང་ཧེ་གྲོང་ཁྱེར་ཏུང་ཧྥང་ལོའུ་ཀྲིག་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་གཟིགས་ཞིབ་མཛད་པ་དང་།  ཕྱོགས་གཉིས་ཀྱིས་ལུས་རྩལ་འཆར་གཞིར་ཐུན་མོང་གི་འདུ་ཤེས་ཆགས་པས།  ཅུའུ་ཀྲང་སྐལ་བཟང་ཚེ་རིང་དང་ཧྲང་ཧེ་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཁྲེང་ཞི་ཧྲན་གཉིས་ཀྱིས་ལུས་རྩལ་རྩལ་འགྲན་མཉམ་འབྲེལ་གྲོས་མཐུན་བཀོད།

ལུས་རྩལ་དཔུང་སྡེ་མཉམ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་ཆེད།  ཕྱོགས་གཉིས་ཀྱིས་འབྲེལ་གཏུག་ལམ་སྲོལ་གཏན་ཁེལ་བྱས་ནས་ཐོན་ཁུངས་མཉམ་སྤྱོད་དང་འོས་འགན་མཉམ་ཁུར་།  གཟི་བརྗིད་མཉམ་སྐྲུན་བཅས་བྱེད་རྒྱུ་ཁས་ལེན་བྱས་པ་རེད།   མིག་སྔར།  ཞིང་ཆེན་ལུས་རྩལ་ཅུའུ་ཡིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རྒྱུགས་ཤུགས་ལུས་རྩལ་དོ་དམ་ལྟེ་གནས་དང་མཉམ་འབྲེལ་གྲོས་མཐུན་བཀོད་པ་རེད།     མཉམ་འབྲེལ་གྲོས་མཐུན་བཀོད་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་སྤུས་ཚད་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཟེར།