ཉེ་ལམ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་གཏན་ཁེལ་འགའ་ཞེས་པ་དཔར་ནས་བཀྲམ་སྟེ་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཏན་ཁེལ་ལྟར་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།
གཏན་ཁེལ་ལ་བསྡོམས་པས་ལེའུ་དྲུག་དང་དོན་ཚན་སོ་ལྔ་ཡོད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་བྱ་བའི་མཛུབ་སྟོན་བསམ་བློ་དང་རྩ་དོན་གསལ་བཤད་བྱས་ཡོད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་བྱ་བའི་འགན་འཁྲི་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་བྱ་བའི་སྡེ་ཁག་འཛུགས་པ། བྱ་བའི་ལས་འགན། ལྟ་སྐུལ་བྱེད་ཡུལ་སོགས་གནད་དོན་གཏན་ཁེལ་གསལ་བོ་བྱས་ཡོད་པར་མ་ཟད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ཉིན་རྒྱུན་གྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་དོ་དམ་ཐག་གཅོད་བྱེད་པ་སོགས་དོན་ཚན་ཚད་ལྡན་དུ་བཏང་ཡོད་པ་དང་། ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་སྡེ་ཁག་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།
གཏན་ཁེལ་ནང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་དང་ཁོངས་མི། ལས་ཁུངས་ཀྱི་སྡེ་ཁག་སོ་སོས་འགན་འཁྲིའི་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེའི་འཛུགས་སྐྲུན་དང་ལས་བྱེད་པའི་ལྟ་སྐུལ་དོ་དམ་བྱ་བར་འགན་གཙོ་བོ་ཁུར་དགོས་པ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པའི་སློབ་གསོ་དོ་དམ་དང་ཉིན་རྒྱུན་གྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས། འགན་ཁུར་མི་སྣ་གཙོ་བོས་ལས་བྱེད་པའི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཁག་ཁུར་བྱེད་དགོས་པ་དང་། བྱ་བ་གལ་ཆེན་གྱི་རིགས་རང་གིས་དངོས་སུ་བཀོད་སྒྲིག་བྱེད་པ་དང་། གནད་དོན་གལ་ཆེན་གྱི་རིགས་དངོས་སུ་འདྲི་རྟོག་བྱེད་པ། དུས་རིམ་གལ་ཆེན་དངོས་སུ་མཐུན་སྦྱོར་བྱེད་པ། གྱོད་དོན་གལ་ཆེན་དངོས་སུ་ལྟ་སྐུལ་བྱས་ཏེ་བསྒྲུབ་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ཐུབ་དགོས་པའི་བླང་བྱ་བཏོན་ཡོད།
གཏན་ཁེལ་ནང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་སྡེ་ཁག་ནི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་ཆེད་འགན་ཁུར་བའི་སྡེ་ཁག་ཡིན་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་ཀྱི་འགན་ཁུར་ཡོད་པས། ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ལ། འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ་ལྟ་སྐུལ་ཞིབ་བཤེར་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་པ་སོགས་ཀྱི་ལས་འགན་གཏན་ཁེལ་གསལ་བོ་བྱས་ཡོད།