རོང་འབྲོག་ཁུལ་གྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད། མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་ཞན་ཧེ་རྫོང་གིས་ཡུལ་ཁོངས་སོ་སོའི་ལག་ཤེས་པ་ཧུར་ཐག་སྔོག་འདོན་དང་ལག་ཤེས་བཟོ་བ། དམངས་ཁྲོད་སྒྱུ་རྩལ་པ། ཕྱུག་འགྱུར་འཇོན་མི་སོགས་ཞིང་སྡེའི་འཇོན་མི་གསོ་སྐྱོང་བྱས་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་དབུལ་ཐར་འགག་སྒྲོལ་བྱེད་པར་འཇོན་མི་འདོན་སྤྲོད་བྱས། ཉེ་ལམ། ཞན་ཧེ་རྫོང་གིས་འཇོན་མི་བཅུ་བདུན་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཞེས་པའི་བཟོ་སྐྲུན་ནང་བདམས་ཐོན་བྱུང་སྟེ་གསོ་སྦྱོང་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་སྡེའི་འཇོན་མི་གསོ་སྦྱོང་གཙོ་གནད་དུ་འཛིན་པ་དང་། རྒྱལ་གཅེས་གློག་བརྙན་ལ་བལྟས་པ་བརྒྱུད། ཕུལ་བྱུང་ལས་ཡུལ་དུ་ཡུལ་དངོས་ལྟ་ཞིབ་བྱེད་པ། གྲོང་གསེབ་ལག་ཤེས་པ་གསོ་སྦྱོང་གི་རིག་གནས་མ་ལག་ཞིག་གྲུབ་པར་ནུས་ཤུགས་གང་ཡོད་འདོན་རྒྱུ་དང་། འཇོན་མི་བཅུ་བདུན་གྱིས་སྣེ་ཁྲིད་སློབ་སྦྱོང་དང་དུས་རབས་གསར་བའི་ལག་ཤེས་སྙིང་སྟོབས། སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཐའ་འཁྱོལ་གྱིས་རྫོང་ཡོངས་ཀྱི་འཇོན་མིའི་ལག་ཤེས་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་ཟེར།
གཞན་ད་དུང་། ཞེན་ཧེ་རྫོང་གིས་གྲོང་གསེབ་ལག་ཤེས་གསོ་སྦྱོང་གི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་གྱི་དམིགས་འབེན་དངོས་འབེབས་བྱེད་པར་ཤུགས་སྣོན་ཆེད། ཁོངས་གཏོགས་ཅན་གྱི་དོ་དམ་རྩ་དོན་གཞིར་བཟུང་ནས་མི་གཅིག་ཇུས་གཅིག་དང་རྗེས་འདེད་གསོ་སྐྱོང་གི་བྱེད་ཐབས་སྤྱད། དེ་དང་མཉམ་དུ། རྫོང་ཨུའི་ཏང་གི་སློབ་གྲྭ་དང་རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྫོང་ཞིང་ཕྱུགས་ཅུའུ་སོགས་ལས་ཁུངས་ཀྱིས་གྲོང་གསེབ་ལག་ཤེས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་དོན་འཁྱོལ་ཡོང་བར་འགན་སྲུང་བྱས།