ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བར། མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་རིག་གཞུང་ཚན་ཁག་མནའ་འབྲེལ་བཙུགས་པ་ནས་བཟུང་། འགོས་ནད་ལ་ཐོག་མར་གཞི་རིམ་དུ་བརྟག་བཅོས་བྱེད་པ་དང་། ཕྱོགས་གཉིས་ཕན་ཚུན་བར་ནད་པ་མངགས་ནས་བརྟག་བཅོས་བྱེད་པ། དལ་དྲག་གི་ནད་དབྱེ་བཅོས་བྱེད་པ། གོང་འོག་མཉམ་འགུལ་བྱེད་པ་བཅས་ཀྱི་རིམ་དབྱེའི་བརྟག་བཅོས་ཀྱི་རྣམ་པ་ཐོག་མར་གྲུབ་ནས། ཞིང་ཆེན་ཡོངས་ཀྱི་འགོས་ནད་ལ་ཚད་ལྡན་གྱིས་བརྟག་བཅོས་བྱེད་པར་ཡར་སྐུལ་བྱས།
མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་རིག་གཞུང་ཚན་ཁག་མནའ་འབྲེལ་ནི་ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་ཡན་གྱི་འགོས་ནད་སྨན་བཅོས་ལས་ཁུངས་ང་ལྔ་དང་མཉམ་འབྲེལ་བྱས་ཏེ་བཙུགས་པའི་སྨན་བཅོས་ལས་ཁུངས་ཤིག་ཡིན་ལ། དེའི་དམིགས་ཡུལ་ནི་ཞིང་ཆེན་རིམ་པའི་སྨན་ཁང་གི་རིག་གཞུང་ཚན་ཁག་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ལ་འགོས་ནད་རིག་གཞུང་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ལག་ལེན་གྱི་སྟེགས་བུ་འཛུགས་རྒྱུ་དང་། འདུ་ཤེས་གསར་བ་དང་ལག་རྩལ་གསར་བ། ལས་སྒོ་གསར་བ་བཅས་ཁྱབ་གདལ་དུ་གཏོང་རྒྱུ་གཙོ་བོར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་བརྟག་བཅོས་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་རེད།