མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་ལག་ཤེས་བརྩམས་ཆོས་རྡེབ་འཚོང་ཚོགས་འདུ་ཟི་ལིང་ནས་བསྡུས།
2018.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་དེ་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོར།  མིན་ཅན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་།  ཞིང་ཆེན་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་མཛུབ་སྟོན་ལྟེ་གནས་དང་ཞིང་ཆེན་རྡེབ་འཚོང་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཕུགས་བསམ་མཉམ་བསྐྲུན། མཐོ་སྒང་གི་གཅེས་སེམས་ཞེས་པའི་དབང་བོ་སྐྱོན་ཅན་གྱི་ལག་ཤེས་བརྩམས་ཆོས་ཧབ་ཚོང་ཚོགས་འདུ་དངོས་བསྡུས།  ད་ལོའི་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཉིན་མོའི་བརྗོད་གཞི་ནི་དབང་བོ་སྐྱོན་ཅན་པར་ཁེ་དབང་གནང་ཞིང་། བཟོད་སྒོམ་དང་འདྲ་མཉམ་ལ་ཁག་ཐེག་བྱེད་ཅེས་པ་དེ་ཡིན

ཐེངས་འདིའི་ཧབ་ཚོང་ལག་ཤེས་བརྩམས་ཆོས་ལ་གཡང་ཊི་བརྐོས་མ་དང་ཆུ་ཕྱེ་རི་མོ།  རེ་སྨོན་མཚོན་བྱེད་ཀྱི་ཕ་ལམ་རི་མོ།  ཤོག་དྲས་འདྲ་གཟུགས་དང་ལྕགས་བཞུས་མཛེས་རིས།  བོད་ཀྱི་འབྲུ་སྣའི་རི་མོ་སོགས་ཡོད་ལ།  ཐེངས་འདིའི་་བྱ་འགུལ་ལ་མཚོ་སྔོན་ཞིང་ཆེན་རྡེབ་འཚོང་ཁང་གིས་རྒྱབ་སྐྱོར་གང་ལེགས་ཐོབ་པ་དང་། རྡེབ་འཚོང་བྱས་ཏེ་ཐོབ་པའི་མ་དངུལ་ཚང་མ་གསོ་སྦྱོང་འཛིན་གྲྭའི་ལག་རྩལ་མཐོར་འདེགས་གཏོང་བའི་ཕྱོགས་སུ་བཀོལ་སྤྱོད་བྱེད་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་གསོ་སྐྱོང་བྱ་བར་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་་ཅན་མཉམ་འབྲེལ་ཚོགས་པའི་གཟིགས་སྐྱོང་འོག་འཕེལ་རྒྱས་མངོན་སུམ་ཐོབ་པ་དང་།  ལོ་མང་རིང་གི་འབད་བརྩོན་བརྒྱུད། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་མཛུབ་སྟོན་ལྟེ་གནས་དེ་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱིས་ལས་བསྐྲུན་ལས་ཞུགས་ཀྱི་ཐོག་མའི་གནས་མལ་ཞིག་ཏུ་གྱུར་ཏེ། དབང་བོ་སྐྱོན་ཅན་སྐོར་དང་རིམ་པས་མཛུབ་སྟོན་ལྟེ་གནས་སུ་ལག་རྩལ་སྦྱངས་ཏེ་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱུང་།