མཚོ་སྔོན་ཞིང་ཆེན་གྱིས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཐད་ནས་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱེད་རྒྱུ་རེད།
2018.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་གྱི་བྱ་བའི་ཉམས་མྱོང་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་།  ཚོགས་འདུ་ལས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དག་གལ་ཆེན་ལ་བཀོད་སྒྲིག་བྱས་པ་སྟེ།  མཚོ་སྔོན་གྱིས་འགོ་རྩོམ་ས་གསར་པ་ནས་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱས་ཏེ། ཚོད་ལྟའི་ཁུལ་འཛུགས་སྐྲུན་སོགས་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱེད་རྒྱུ་རེད།

སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཟིན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་སྔོན་ལ་མཚོན་ན།  རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་ན། འཁོར་སྐྱོད་དཔལ་འབྱོར་ཀྱི་འདུ་ཤེས་ཀྱིས་ཐོན་ཁུངས་གསར་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ།  ཐོན་ཁུངས་བཀོལ་སྤྱོད་ཀྱི་ཚད་ཆེས་ཆེ་བར་བསྒྱུར་བ་དང་སྙིགས་རྫས་ཕྱིར་འབུད་ཀྱི་ཚད་ཆེས་ཆུང་བར་བསྒྱུར་ནས།  དཔལ་འབྱོར་མ་ལག་དེ་རང་བྱུང་སྐྱེ་ཁམས་མ་ལག་གིས་དངོས་རྫས་དང་ནུས་ཚད་ལ་འཆམ་མཐུན་གྱིས་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ཁྲོད། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས།

ཚོགས་འདུའི་བླང་བྱ་ལྟར་དུ། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་མཐའ་འཁྱོལ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཧུར་ཐག་གིས་ལག་བསྟར་བྱས་ནས་མགོ་རྩོམ་ས་གསར་བའི་སྟེང་རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་དང་།   ཚོད་ལྟ་ཁུལ་འཛུགས་སྐྲུན།  ནུས་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད།   ནུས་ཁུངས་གཙང་མའི་ཐོན་སྐྱེད་འཛད་སྤྱོད།  ཐོན་སྐྱེད་བྱེད་ཐབས་ལྗང་མདོག་ཅན།  ལམ་ལུགས་མ་ལག་བཅས་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཡང་བསྐྱར་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་སྟེ།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་པར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་རྒྱུ་རེད།