མཚོ་བྱང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་རྟགས་མའི་རིག་རྫས་འགྲེལ་བཤད་འགྲན་སྡུར་སྐབས་དང་པོ་སྤེལ།
2018.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་གཏོང་ཆེད།   ཉེ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཡུལ་སྐོར་ཅུའུ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གཞུང་སྒྲུབ་ཁང་བཅས་ཀྱིས་གཙོ་སྒྲུབ་དང་།  མཚོ་བྱང་ཁུལ་རིག་རྫས་དོ་དམ་ཅུའུ་ཡིས་འགན་སྒྲུབ་བྱས་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་རིག་རྫས་འགྲེལ་བཤད་འགྲན་སྡུར་སྐབས་དང་པོ་ནུབ་མཚོ་གྲོང་རྡལ་ཉིང་རྡུལ་མཁར་རྗེས་དྲན་ཁང་ནས་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན།   ཐོག་མའི་འགྲན་རིམ་བརྒྱུད་རྫོང་བཞིའི་འགྲན་ཞུགས་པ་ཉི་ཤུ་འགྲན་སྡུར་ལ་ཞུགས་ཡོད་པ་དང་།   འགྲན་ཞུགས་པས་རིག་གནས་གཏམ་རྒྱུད་དང་། མཚོ་བྱང་ཁུལ་གྱི་གནའ་རབས་རིག་གནས་ནས་ད་ལྟའི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ལྷུག་པོར་བརྗོད་པར་ཡིད་ཆེས་དང་བརྩེ་དུང་གིས་བྱུགས་ཤིང་།   མཚོ་བྱང་རིག་གནས་ལ་བསྟོད་བསྔགས་དང་མཚོ་བྱང་རིག་གནས་ལ་དགའ་ཞེན་དང་རྒྱུན་འཛིན་དར་སྤེལ་བྱེད་པའི་ཡིད་ཆེས་དང་སྙིང་སྟོབས་སོགས་ཀྱང་མཚོན་ཡོད།