མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་ཁེ་ལས་བརྟན་པོ་དང་གནས་བབ་ལེགས་པོ། ཁ་ཕྱོགས་བཟང་པོ་བཅས་ཀྱི་ཕྱོགས་སུ་སྐྱོད།
2018.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་ཁེ་ལས་བརྟན་པོ་དང་གནས་བབ་ལེགས་པོ། ཁ་ཕྱོགས་བཟང་པོ་བཅས་ཀྱི་ཕྱོགས་སུ་སྐྱོད།

ད་ལོར།    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་ལ་དམ་པོར་དམིགས་ཏེ།  བརྟན་པོར་འཕེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་།  འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཧུར་ཐག་གིས་སྐུལ་སྤེལ་དང་། གཏན་འཇགས་འཕེལ་རྒྱས་དང་སྒྲིག་གཞི་ལེགས་སྒྱུར། བཅོས་སྒྱུར་སྐུལ་འདེད་དང་དམངས་ཚིས་ཕན་སྐྲུན།   ཉེན་འགོག་སོགས་ལས་གཞི་སོ་སོའི་བྱ་བ་གཅིག་གྱུར་སྒོས་སྤེལ་ནས།  ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དེར་གཏན་འཇགས་རྩེར་ཐོན་གྱི་རྣམ་པ་བཟང་པོ་མངོན་པ་རེད།

ཁེ་ལས་བརྟན་པོ་ཞེས་པ་ནི། དཔལ་འབྱོར་འཕར་སྣོན་ལུགས་མཐུན་རྒྱུན་འཁྱོངས་དང་དཔལ་འབྱོར་འཕེལ་རྒྱས་ཆེ་ས་ནས་བརྟན་བརླིང་ཡོང་བར་བྱེད་དེ་ཡིན་ལ།  ཞིང་འབྲོག་ལས་རིགས་བརྟན་བརླིང་ངང་སྤུས་ཚད་མཐོར་འདེགས་དང་།  འདེབས་འཛུགས་ལས་རིགས་སྒྲིག་གཞི་ལེགས་སྒྱུར།  ཁྱད་ལྡན་གསོ་གཉེར་ལས་རིགས་སོགས་ཀྱི་གྲུབ་འབྲས་མངོན་གསལ་ལ་བརྟེན་ནས་ཤེས་ཐུབ།

གནས་བབ་ལེགས་པོ་ཞེས་པ་ནི།   སྤུས་ཚད་གྲུབ་འབྲས་རྒྱུན་མཐུད་ལེགས་བཅོས།  འཕེལ་རྒྱས་ཀྱི་གཏན་འཇགས་རང་བཞིན་དང་མཐུན་སྦྱོར་རང་བཞིན།  རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་གཏོང་བ་དེ་ཡིན།     ཁ་ཕྱོགས་བཟང་པོ་ཞེས་པ་ནི་དཔལ་འབྱོར་འཕར་སྣོན་གྱི་གསོན་ཤུགས་དང་སྒུལ་ཤུགས།  སྟོབས་ཤུགས་གསུམ་གློད་འགྲོལ་དང་རྟིང་ཤུགས་ཆེ་རུ་གཏོང་བ་དེ་ཡིན་ལ།  ནུས་ཤུགས་གསར་བ་མགྱོགས་མྱུར་ངང་འཕེལ་བ་དང་། གཙང་སེལ་ནུས་ཁུངས་གློག་འདོན་གནས་གཞི་དང་རྒྱལ་ཁབ་གཙང་སེལ་ནུས་ཁུངས་འདོན་སྤྲོད་གནས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས།  ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་གཏེར་ལེན་ཁའི་ཉི་འོད་གློག་འདོན་རྣམ་གྲངས་དངོས་སུ་བཀོལ་སྤྱོད་བྱས་པས་རང་རྒྱལ་གྱི་གཞི་རྒྱ་ཆེ་བའི་ཉི་འོད་གློག་འདོན་ལག་རྩལ་གྱི་སྟོང་ཆ་བསྐངས་པ་རེད།   མིག་སྔར་ནུས་ཁུངས་གསར་བའི་ཐོན་ལས་བཙུགས་པ་མ་ཟད་དྲ་འབྲེལ་གློག་འདོན་རྣམ་གྲངས་བརྒྱ་དང་དོན་དགུ་དང་།   ཤོང་ཚད་ཀྲའོ་ཝ་དྲུག་སྟོང་རེ་བདུན་ཚེག་ལྔ་ཡིན་ལ།  ལས་སྐྲུན་རྣམ་གྲངས་ལྔ་དགུ་དང་ཤོང་ཚད་ཀྲའོ་ཝ་སུམ་སྟོང་དྲུག་བརྒྱ་ལྔ་དགུ་རེད།