མགོ་ལོག་ཁུལ་གྱིས་ཏང་ཡོན་རྒན་པའི་གཞུང་སྒྲུབ་སྟེགས་བུའི་ཏང་འཛུགས་བྱེད་ཐབས་གསར་བ་སྤྱད།
2018.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ཏང་ཡོན་རྒན་པ་བཅུ་གཉིས་རྩ་འཛུགས་བྱས་ཏེ་རྨ་ཆེན་རྫོང་གི་གཞིས་ཁུལ་དྲུག་ལ་སོང་སྟེ་ཏང་ཡོན་རྒན་པའི་གཞུང་སྒྲུབ་སྟེགས་བུ་ཞེས་པའི་རྣམ་པའི་སྒོ་ནས་གཞིས་ཁུལ་གྱི་ལས་ཀ་སོ་སོར་ཚབ་ཞུགས་བྱས་པ་དང་ས་གནས་མང་ཚོགས་ཀྱིས་དེར་དགའ་བསུ་ཆེན་པོ་བྱས།

མགོ་ལོག་ཁུལ་གྱི་ཏང་ཡོན་རྒན་པའི་གཞུང་སྒྲུབ་སྟེགས་བུ་ནི་མི་སྒེར་གྱིས་འོས་སྦྱོར་དང་མང་ཚོགས་ཀྱིས་འོས་སྦྱོར། རྩ་འཛུགས་ཀྱིས་བདམས་མངག་སོགས་ཀྱི་ཐབས་ལམ་བརྒྱུད་པ་ཡིན་ལ། བདམས་ཟིན་པའི་ཏང་ཡོན་རྒན་པས་གཞིས་ཁུལ་གྱི་ཏང་འཛུགས་བྱ་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་མང་ཚོགས་ལ་འབྲེལ་བ་བྱས་ཏེ་ཧུར་ཐག་གིས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ།གཞིས་ཁུལ་གྱི་ལས་ཀ་སོ་སོར་ཞབས་ཞུ་ལེགས་པོར་སྒྲུབ་པ་སོགས་བྱས། 

མགོ་ལོག་ཁུལ་གྱི་ཏང་ཡོན་རྒན་པའི་གཞུང་སྒྲུབ་སྟེགས་བུས་གཞིས་ཁུལ་ཏུ་བྱ་འགུལ་སྤེལ་བ་ནས་བཟུང་གཞིས་ཁུལ་ནས་་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་གི་ཆ་རྐྱེན་ལྟར་འཚོ་བ་རྩ་འཛུགས་བྱས་པ་དང་དུས་ལྟར་ཏུ་གནས་ཁུལ་གྱི་ཏང་འཛུགས་བྱ་བར་སྣེ་ཁྲིད་བྱས་པ་དང་འབྲེལ་ཡོད་ཚོགས་འདུའི་བྱ་འགུལ་སྤེལ་ཏེ་གནས་ཁུལ་གྱི་ཏང་འཛུགས་བློ་འདྲི་ལེགས་པོར་སྒྲུབ་པ།   ཏང་ཡོན་རྒན་པས་སྐད་གཉིས་ལོ་ཙྭའི་ཆ་རྐྱེན་ལ་བརྟེན་ནས་རང་འགུལ་སྒོས་གཞིས་ཁུལ་གྱི་ཏང་ཡོན་ལ་ཏང་གི་སློབ་ཁྲིད་བྱས་པ་དང་ཏང་ཀྲི་པུའུ་མང་ཚོགས་ཀྱི་ཁྲོད་ཞུགས་པ་སོགས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་།

ཏང་ཡོན་རྒན་པས་ཕྱོགས་བསྡུས་སྒྲོག་འགྲེལ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ལ་སེམས་ཚོར་དང་འགྱུར་ལྡོག་སོགས་བརྗོད་གཞིར་བཟུང་སྟེ་ཤུགས་ཆེན་པོས་ཏང་གི་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། དབུལ་ཐར་ཁྲེགས་གཏོར། བསམ་པའི་དཔལ་ཡོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བརྗོད་གཞིར་བཟུང་སྟེ་སློབ་ཁྲིད་བྱས།

མིག་སྔའི་བར་དུ་ཏང་ཡོན་རྒན་པས་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་གི་སྣེ་ཁྲིད་ཐེངས་བཅུ་བདུན་དང་རང་འགུལ་སྒོས་ཏང་གི་སློབ་ཁྲིད་ཐེངས་གསུམ་ལ་བྱས་པར་མ་ཟད།  ཕྱོགས་སོ་སོའི་འགལ་བ་ཐེངས་ལྔ་ལ་ཐག་བཅད།  སྒྲོག་འགྲེལ་སློབ་ཁྲིད་ཐེངས་གསུམ་ལ་བྱས་པ་དང་། འཕྲིན་བཅར་དུ་ཡོང་བའི་མང་ཚོགས་བརྒྱད་ཅུ་ལྷག་ལ་སྣེ་ལེན་བྱས།