རྨ་ལྷོ་ཁུལ་ཐུན་རིན་རྫོང་གིས་དམངས་ཚིས་མི་འདང་སར་ཁ་གསབ་བྱས་ཏེ་མང་ཚོགས་ཕྱུག་འགྱུར་བྱེད་པར་སྐུལ་འདེད་བཏང་།
2018.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་བྱེད་རྒྱུ་དེ་འགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་དང་།     གཙོ་གནད་འབུར་ཐོན་དང་བྱེད་ཐབས་ཞིབ་ཕྲ་ཅན་ཏུ་གཏོང་བ།   དམངས་ཚིས་མི་འདང་སར་ཁ་གསབ་བྱེད་པ།   སྤྱི་བའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཇེ་དྲག་ཏུ་བཏང་།

ཉི་འོད་ནུས་པའི་གློག་འདོན་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར།   ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཡོངས་གྲུབ་བྱས་ཏེ་དབུལ་སྐྱོར་སྡེ་བ་ཉེར་དགུ་ལ་གཅིག་བསྡུས་རྣམ་པའི་ཉི་འོད་ནུས་པའི་གློག་འདོན་ལས་གཞི་ལག་བསྟར་བྱས་པ་དང་།   མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཉིས་བཏང་སྟེ་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མང་ཚོགས་ལ་དབུལ་སྐྱོར་རོགས་སྐྱོར་ཉེན་ཚབ་ཉོས་པར་མ་ཟད།    དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ་སུམ་བརྒྱ་དོན་བདུན་ལ་སློབ་ཞུགས་རོགས་དངུལ་སྒོར་ས་ཡ་གཅིག་ལྷག་བསྐྱིས་པ་དང་།   དབུལ་ཕོངས་སློབ་ཆེན་སློབ་མ་བརྒྱད་བརྒྱ་ཞེ་བཞི་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བྱ་དགའི་ཁ་གསབ་དངུལ་ཞེས་པའི་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་ཁྲི་བདུན་ལྷག་བྱིན།   མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་དྲུག་འབུམ་ལྔ་ཁྲི་བདུན་ལྷག་བཏང་སྟེ་དབུལ་ཕོངས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་།  མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་སོགས་ལག་བསྟར་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་བརྟན་འཇགས་ངང་སྤེལ་བར་སྐུལ་འདེད་བཏང་།

ལས་སྐྲུན་ལས་ཞུགས་ལ་གཟབ་ནན་གྱིས་སྐུལ་འདེད་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་ལྔ་བཅུ་ལྷག་ལ་སྤེལ་བ་དང་།  མི་སྟོང་གཉིས་དང་ལྔ་བརྒྱར་གསོ་སྦྱོང་བྱས།   ཞིང་སྡེའི་ངལ་རྩོལ་བ་ཁྲི་གཅིག་ལྷག་གིས་གནས་སྤོར་ལས་ཞུགས་བྱེད་པར་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་འགན་སྲུང་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་།

སློབ་གསོ་དམངས་ཕན་ལ་སྐུལ་འདེད་བཏང་སྟེ་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཁྲི་དྲུག་བཏང་སྟེ་བྱིས་གཉོར་ཁང་དགུ་འཛུགས་སྐྲུན་བྱས་པ་དང་།   མདོ་བ་གྲོང་རྡལ་རྒྱ་འདུ་སྡེ་བ་སོགས་མཐོ་སྒང་གི་མཛེས་པའི་ཞིང་སྡེ་དྲུག་དང་གཉན་ཐོག་ཞང་རྐ་གསར་སྡེ་བ་སོགས་སྲོལ་རྒྱུན་སྡེ་བ་བཅུའི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ་རོང་འབྲོག་ཁྱིམ་ཚང་བདུན་བརྒྱ་ལྷག་གི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བྱེད་པ་ཡོངས་གྲུབ་བྱས་པར་མ་ཟད། སྨན་བཅོས་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་སོགས་སྨན་བཅོས་སྡེ་ཁག་གིས་ལོ་རེ་ལྔ་ཡན་གྱི་ལོ་ལོན་རྒན་པ་སྟོང་དྲུག་དང་བརྒྱད་བརྒྱ་ལྷག་ལ་རིན་མེད་པར་ནད་བརྟག་སྨན་བཅོས་བྱེད་པ་སོགས་བྱས་ཏེ་དམངས་ཚིས་བཟོ་སྐྲུན་ལག་ལེན་མཐར་ཕྱིན་བྱས།