ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་གསར་ཏུ་བཙུགས་པ་དང་སྒོ་བྱང་དངོས་སུ་བཀལ།
ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཆོག་མཆན་ཐོབ་པའི་མཚོ་སྔོན་ཞིང་ཆེན་སྒྲིག་གཞི་བཅོས་བསྒྱུར་གྱི་འཆར་གཞི་ལྟར་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་འཛུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གྱི་ཐག་གཅོད་གལ་ཆེན་ཡིན་ཞིང་སྨན་རྫས་ལྟ་སྐུལ་ལ་ཤུགས་སྣོན་དང་སྨན་རྫས་བདེ་འཇགས་འགན་སྲུང་ཐད་ཀྱི་ཐབས་ཇུས་གལ་ཆེན་ཡིན། གསར་ཏུ་བཙུགས་པའི་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནི་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁོངས་གཏོགས་ཀྱི་ལྟ་སྐུལ་ལས་ཁུངས་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་དང་སྨན་ཁང་གི་སྒྲིག་ཆས། མཛེས་ཆོས་བྱུག་རྫས་སོགས་ཀྱི་ལྟ་སྐུལ་དོ་དམ་ལ་འགན་ཁུར་དགོས།