མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཚོས་ཆུ་བེད་ཀྱིས་དབུལ་ཐར་མཁྲེག་གཏོར་བྱེད་པར་སྒུལ་ཤུགས་བསླངས།
2018.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཚོས་ཆུ་བེད་ཀྱིས་དབུལ་ཐར་མཁྲེག་གཏོར་བྱེད་པར་སྒུལ་ཤུགས་བསླངས།

ཆུ་འདོན་འགན་སྲུང་ཤུགས་སྣོན་དང་ཆུའི་སྤུས་ཚད་མཐོར་འདེགས་ཀྱི་ལས་གཞི་ཆེན་པོ་གཉིས་ལ་དམིགས་ནས།  ལོ་གསུམ་གྱི་རིང་།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དམིགས་འཛིན་བྱས།  མིག་སྔར། ཁུལ་ཡོངས་ཀྱི་མི་གྲངས་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་ཉིས་བརྒྱ་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་དང་ལེགས་བཅོས་བྱས་པ་རེད།

མ་དངུལ་རྒྱུན་གཏོང་བྱས་མཐར།  ད་ལོར་མཚོ་ནུབ་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཕྱོགས་ཀྱི་རྣམ་གྲངས་སོ་བདུན་ལག་བསྟར་དངོས་འབེབས་བྱས་པ་དང་།  མ་དངུལ་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་བརྒྱད་གཏོང་རྩིས་ཡིན་ལ།  དུང་ཕྱིར་གཉིས་དང་བྱེ་བ་བརྒྱད་ས་ཡ་བརྒྱད་བཏང་ཟིན།  འཐུང་ཆུའི་དཀའ་ཁག་སེལ་ནས་འཐུང་ཆུ་སྤུས་ལེགས་འཐུང་ཐུབ་པ་བྱུང་བ་དང་མཚོ་ནུབ་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་འཐུང་ཆུའི་གནད་དོན་ཐག་གཅོད་བཟང་པོ་བྱས་པ་རེད།