ན་གོར་མོ་གྲོང་ཁྱེར་གྱིས་སྒུལ་ནུས་གསར་བརྗེ་བྱེད་པར་སྒུལ་བྱེད་འཕྲུལ་འཁོར་གསར་བ་བཟོ་སྐྲུན་བྱས།
2018.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ན་གོར་མོ་གྲོང་ཁྱེར་གྱིས་སྒུལ་ནུས་གསར་བརྗེ་བྱེད་པར་སྒུལ་བྱེད་འཕྲུལ་འཁོར་གསར་བ་བཟོ་སྐྲུན་བྱས།

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན།  ན་གོར་མོ་གྲོང་ཁྱེར་གྱི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་བརྗེ་རེས་ཚོགས་འདུ་ལས་གནས་ཚུལ་རྒྱུས་ལོན་པ་ལྟར་ན།   ན་གོར་མོ་གྲོང་ཁྱེར་གྱིས་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་བཀོལ་ནས་བཟོ་ལས་སྒྲིག་གཞི་སྙོམ་སྒྲིག་དང་རིམ་སྤར་ཕྱོགས་སྒྱུར་བྱས་ཟེར།  བཟོ་ལས་མཉམ་འབྲེལ་དྲ་བས་སྒུལ་ནུས་གསར་བརྗེ་ལ་སྐུལ་འདེད་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་།   སྒུལ་ནུས་གསར་བརྗེ་བྱེད་པར་སྒུལ་བྱེད་འཕྲུལ་འཁོར་གསར་བ་བཟོ་སྐྲུན་དང་ཁེ་ལས་ཀྱི་རང་བདག་གསར་གཏོད་ནུས་པ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པར་ཤུགས་སྣོན་བྱས་ནས།  དཔལ་འབྱོར་སྤུས་ཚད་གྱི་མཐོ་རིམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

བཟོ་ལས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཀྱི་གལ་ཆེའི་འོས་འགན་དངོས་འབེབས་དོན་འཁྱོལ་བྱེད་ཆེད།  ན་གོར་མོ་གྲོང་ཁྱེར་གྱིས་འཛུགས་སྐྲུན་དུས་ཡུན་འགོར་འགྱངས་མེད་པ་དང་ཡོངས་ཁེབས་རང་བཞིན་གྱི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་རྨང་གཞི་བཙུགས་པ་མ་ཟད།  ཁེ་ལས་ལ་སྣེ་ཁྲིད་བྱས་ནས་ཕྱི་ནང་དྲ་བའི་ལག་རྩལ་བཟོ་བཅོས་དང་འཛུགས་སྐྲུན་བཀོད་སྒྲིག་བྱས་ཏེ།  དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་འདོན་སྤྲོད་བྱས།

ཆ་འཕྲིན་རང་བཞིན་གྱི་གསར་གཏོད་བཟོ་ལས་སྐུལ་སྤེལ་དང་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་རྒྱུ་བརྗོད་གཞིར་འཛིན་པ།  ལག་རྩལ་གསར་བ་དང་ཐོན་ལས་གསར་བ།   ལས་རྣམ་གསར་བ་དང་དཔེ་རྣམ་གསར་བ་གསོ་སྐྱོང་བྱས་ཏེ།  དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་ལེགས་པར་བཀོལ་ནས་བཟོ་ལས་སྒྲིག་གཞི་སྙོམ་སྒྲིག་དང་རིམ་སྤར་ཕྱོགས་སྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས་ཟེར།