གེ་སར་ཁྲབ་རྨོག་རིག་གནས་ཀྱི་དཔྱད་གླེང་ཚོགས་འདུ་རྨ་ཡུལ་དར་ལག་ནས་ཚོགས།
2018.12.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

གེ་སར་ཁྲབ་རྨོག་རིག་གནས་ཀྱི་དཔྱད་གླེང་ཚོགས་འདུ་རྨ་ཡུལ་དར་ལག་ནས་ཚོགས།

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་དང་། དར་ལག་རྫོང་རིག་རྩལ་རྒྱང་སྒྲོག་ཅུས་དང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་མགོ་ལོག་སྐྱེ་ཁམས་སྲུང་སྐྱོང་ཁུལ་མུ་འབྲེལ་བྱ་འགུལ་ལས།  མགོ་ལོག་གེ་སར་སྒྲུང་རབས་ལས་ཁྲབ་རྨོག་རིག་གནས་སྒྱུ་རྩལ་དཔྱད་གླེང་ཚོགས་འདུ་རྨ་ཡུལ་དར་ལག་ནས་གཟབ་རྒྱས་ངང་ཚོགས།

ཁྲབ་རྨོག་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གེ་སར་སྒྲུང་རབས་ཆེན་མོ་ལས་རིག་གནས་སྒྱུ་རྩལ་རིན་ཐང་བྲལ་བ་ཞིག་ཡིན་ལ། གེ་སར་ཟློས་གར་ཚོགས་པ་མང་པོ་བྱུང་བ་དང་མཉམ་དུ་ཁྲབ་རྨོག་རིག་གནས་གཅིག་གྱུར་མིན་པ་དང་བོད་རང་གི་སྲོལ་རྒྱུན་དང་འགལ་བ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད །  དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེའི་གེ་སར་ཞིབ་འཇུག་ལྟེ་གནས་ཀྱིས་མགོ་འཛིན་མཛད་དེ་ཁྲབ་རྨོག་སྐོར་ཞིག་གསར་བཟོ་བྱས་ཤིང་ཚོགས་ཐོག་དུ་དངོས་སུ་འགྲེམ་སྤེལ་གནང་བ་རེད།

ས་ཆ་སོ་སོ་ནས་ཕེབས་པའི་གེ་སར་རིག་པའི་ཞིབ་འཇུག་པས་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།  དཔྱད་གླེང་ཚོགས་འདུ་འདི་ལས་བོད་ཁུལ་ཡོངས་ཀྱི་ཁྲབ་རྨོག་གཅིག་གྱུར་དང་བེད་སྤྱོད་སོགས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་སྐྲུན་པ་རེད།