མགོ་ལོག་ཁུལ་གྱི་གཟུགས་འདས་ཐོན་རྫས་རྒྱལ་སྤྱིའི་ལག་བཟོས་འགྲེམ་ཚོགས་སྟེང་འགྲེམས་སྟོན་བྱས །
2018.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མགོ་ལོག་ཁུལ་གྱི་གཟུགས་འདས་ཐོན་རྫས་རྒྱལ་སྤྱིའི་ལག་བཟོས་འགྲེམ་ཚོགས་སྟེང་འགྲེམས་སྟོན་བྱས །

མིག་སྔར།  ཉིས་སྟོང་བཅོ་བརྒྱད་ལོའི་ཐེངས་བཞི་བའི་ཧྲང་ཧེ་རྒྱལ་སྤྱིའི་ལག་བཟོས་འགྲེམ་ཚོགས་དེ་ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམ་སྟོན་ཁང་ནས་སྤེལ།  མཚོ་སྔོན་ཞིངཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཐོན་རྫས་ཡང་བསྐྱར་རྒྱལ་སྤྱིའི་ལག་བཟོས་འགྲེམ་ཚོགས་སྟེང་བུད་པ་དང་།  རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་པོས་མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཀྱི་མཛེས་ཉམས་ལོངས་སུ་སྤྱད་པ་རེད། འགྲེམ་ཚོགས་སྟེང་རྒྱལ་ཁབ་བཅོ་ལྔ་ནས་ཡོངས་བའི་འགྲེམ་ཚོང་བ་སུམ་བརྒྱ་ལྷག་གིས་རང་རང་གི་ཁྱད་ལྡན་གྱི་ཕུལ་བྱུང་བརྩམས་ཆོས་དག་ཁྱེར་ནས་ཐོན་ཡོད །

ད་ལོར།  མགོ་ལོག་ཁུལ་གྱི་གཟུགས་འདས་ཁེ་ལས་ལྔ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དངུལ་རིགས་ལག་ཤེས་དང་སྲོལ་རྒྱུན་ལག་ཤེས་འཐག་ལས། འཚེམ་བཟོ་ལག་རྩལ་ཇུས་འགོད།  མི་རིགས་ཁྱད་ཆོས་ཀྱི་ཐོན་རྫས་དང་བོད་སྤོས་སོགས་ཁྱད་ལྡན་གྱི་རིག་གནས་ཐོན་རྫས་ཁྱེར་ནས་ལག་བཟོས་འགྲེམ་ཚོགས་ལ་ཞུགས་པ་རེད།  ཐེངས་འདིའི་འགྲེམ་ཚོགས་ཐོན་རྫས་མང་ཆེ་བ་ནི་ཧྲང་ཧེ་སློབ་ཆེན་དང་།  ཧྲང་ཧེ་བཟོ་རྩལ་མཛེས་རྩལ་སློབ་གླིང་གི་དགེ་རྒན་གྱིས་མཛུབ་སྟོན་དང་ཇུས་འགོད་མཉམ་ལས་ཀྱི་ཕུལ་བྱུང་བརྩམས་ཆོས་དང་།  སྲོལ་རྒྱུན་ལག་ཤེས་དེང་རབས་ཅན་དང་ཐོན་རྫས་ཀྱི་གཏིང་ཟབ་པའི་རིག་གནས་ཉིང་བཅུད་དང་རྩེར་སོན་གྱི་ལག་ཤེས་བཟོ་ལས་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་དགའ་བསུ་ཐོབ།

མགོ་ལོག་ཁུལ་གྱིས་སྲོལ་རྒྱུན་བཟོ་རྩལ་ལས་དོན་ས་ཚིགས་བཙུགས་པ་ནས་བཟུང་།  ཧྲང་ཧེ་སློབ་ཆེན་དང་ཧྲང་ཧེ་མཛེས་རྩལ་སློབ་གླིང་དང་ཟུང་འབྲེལ་གྱིས་ལས་གཞི་མི་འདྲ་བ་རྒྱུན་འཛིན་དང་།  རྣམ་པ་མི་འདྲ་བའི་སྒོ་ནས་མགོ་ལོག་ཁུལ་གྱི་གཟུགས་འདས་ཐོན་རྫས་གྱི་སྤུས་ཀ་མཐོར་འདེགས་བཏང་བ་མ་ཟད།  ཆུ་ཚད་མཐོ་བའི་རྒྱུན་འཛིན་པ་སྐོར་ཞིག་གསོ་སྐྱོང་བྱས་ཡོད།