ཉིས་སྟོང་བཅུ་དགུ་ལོའི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོའི་རྨ་ལྷའི་ཡན་ལག་ཚོགས་རའི་བརྙན་ཕབ་བྱ་བ་རྨ་ལྷོ་གཅན་ཚ་རྗོང་དུ་ལེགས་འགྲུབ་བྱུང་།
2018.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་ཉིས་སྟོང་བཅུ་དགུ་ལོའི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོའི་རྨ་ལྷོ་ཡན་ལག་ཚོགས་རའི་བརྙན་ཕབ་བྱ་བ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ལེགས་འགྲུབ་བྱུང་།

རྟེན་འབྲེལ་ཀུན་གྱི་ཐོག་མ་ཞེས་པའི་མགོ་བརྗོད་མཉམ་ལེན་ཞིག་གིས་སྤྲོ་ཚོགས་ཀྱི་སྒོ་མོ་ཡོངས་སུ་ཕྱེས། 

ཐེངས་འདིའི་དགོང་ཚོགས་ནི་མཚོ་སྔོན་དང་སི་ཁྲོན།  བོད་ལྗོངས་སོགས་ཀྱི་འཁྲབ་སྟོན་མི་སྣ་ཉིས་བརྒྱ་ལྷག་གིས་ས་གནས་རང་གི་ཁྱད་ཆོས་ཀྱིས་བྱུགས་པའི་གླུ་དང་རྡུང་ལེན། ཞབས་བྲོ་སོགས་འཁྲབ་སྟོན་བྱས་ལ་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་ཐོབ། དགོང་ཚོགས་ལ་ཁྱོན་བསྡོམས་ལེ་ཚན་ཉེར་གཅིག་ཡོད་ལ་རིང་ཐུང་དུས་ཚོད་གཉིས་ལྷག་འདུག

གཙོ་སྒྲུབ་ལུས་ཁུངས་ཀྱིས་བསྒྲགས་པ་ལྟར་ན།ཐེངས་འདིའི་ལོ་གསར་དགོང་ཚོགས་ནི་ཉིས་སྟོང་བཅུ་དགུ་ལོའི་ལོ་གསར་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲྭ་ལམ་བརྙན་འཕྲིན་གཉིས་ནས་གཏོང་རྒྱུ་རེད།