ཀོས་ནན་རྫོང་གིས་དམངས་ཚིས་བཟོ་སྐྲུན་དངོས་འབེབས་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་སྐྱིད་ཚོར་ཇེ་དྲག་ཏུ་བཏང་།
2018.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་།  བྱེད་ཐབས་སྣ་མང་སྤྱད་དེ་དམངས་ཚིས་ལས་དོན་བཟང་བོར་བསྒྲུབས་པ་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྐྱིད་ཚོར་ཇེ་དྲག་ཏུ་བཏང་།

ཉེ་བའི་ལོ་འགའི་རིང་ལ།   ཀོས་ནན་རྫོང་གིས་སློབ་གསོ་ལས་དོན་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་མི་དམངས་ཡིད་ཚིམས་པའི་སློབ་གསོ་སྒྲུབ་རྒྱུ་དམིགས་འབེན་དུ་བྱས་པ་དང་།   སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དམངས་ཚིས་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་པར་མ་ཟད།   མ་དངུལ་གཏོང་ཚད་ཆེ་རུ་བཏང་བ་དང་།   སྟོབས་ཤུགས་ཡོད་རྒུས་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་།

དེར་མ་ཟད།   ཀོས་ནན་རྫོང་གིས་ཀུན་གྱིས་ལས་སྐྲུན་བྱེད་པ་དང་དམངས་ཀྱིས་བྱ་བཞག་སྐྲུན་རྒྱུ་དེ་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་དང་དཔལ་འབྱོར་འཕར་སྣོན་འབྱུང་བའི་ནང་གནས་སྒུལ་ཤུགས་སུ་བྱས་ཏེ་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་མི་བསྡུ་བྱ་འགུལ་དང་རྩལ་ནུས་གསོ་སྦྱོང་ཐེངས་མང་པོ་བསྒྲུབས་པ་དང་།  བསྡོམས་རྩིས་བྱས་པ་ལྟར་ན།   རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་སྟོང་ལྔ་དང་ལྔ་བརྒྱ་གནས་སྤོར་ལས་ཞུགས་བྱས་ལ།  མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་བརྒྱ་ཆའི་གྱ་དགུ་ལ་སླེབས་ཡོད།    དེ་མིན།  ལས་སྐྲུན་སྐུལ་སློང་ཤུགས་ཚད་ཆེ་རུ་བཏང་བ་དང་།   ལས་སྐྲུན་འགན་སྲུང་དངུལ་བུན་བསྐྱིས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ནུས་ཡོད་སྒོས་སྐུལ་འདེད་བཏང་།