མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭས་བསམ་བློ་ཆབ་སྲིད་ཀྱི་བྱ་བའི་སྐུལ་འདེད་བཞུགས་མོལ་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།
2018.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭས་བསམ་བློ་ཆབ་སྲིད་ཀྱི་བྱ་བའི་སྐུལ་འདེད་བཞུགས་མོལ་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

ཚོགས་འདུ་ལས་བསྟན་དོན། མཐོ་རིམ་སློབ་གྲྭ་དག་གིས་འདས་མ་ད་གསུམ་ཀུན་ཏུ་བྱ་བའི་གཙོ་གནད་ཕྱོགས་ལྔ་ནས་འཛིན་དགོས་སྟེ། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་ཚན་དང་སློབ་ཁྲིད་སོགས་སུ་འཛིན་པར་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། གཅིག་གྱུར་སྒོས་མར་ཁེ་སུ་རིང་ལུགས་ཀྱི་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་གཙོ་གནད་དུ་འཛིན་དགོས། སློབ་ཡུན་དང་བསླབ་དེབ་སོགས་ལ་ཚན་རིག་རང་བཞིན་གྱི་བཀོད་སྒྲིག་བྱེད་པ་དང་བསླབ་དེབ་རྩོམ་སྒྲིག་ལ་བཀོལ་སྤྱོད་ཕན་ནུས་ཀྱི་རང་བཞིན་ཡོད་པ་སོགས་ཁག་ཐག་བྱེད་དགོས། གཉིས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཁག་ཁུར་ཐུབ་པའི་དུས་རབས་གསར་བའི་འཇོན་ཐང་མི་སྣ་སྐྱེད་སྲིང་བྱེད་པ། དུས་དང་རྣམ་པ་ཀུན་དུ་དགེ་སློབ་ཀྱི་ཕུགས་བསམ་སློབ་གསོ་གཙོར་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་ནི་འཐབ་ཕྱོགས་ལས་གཞི་དམ་འཛིན་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་དམིགས་འབེན་དུ་འཛིན་པ།སྔར་ལས་ལྷག་པའི་སྒོ་ནས་རིག་གནས་པས་རིག་གནས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པ་བརྩི་མཐོང་བྱེད་པ་དང་སྨྱན་བྱད་གསར་བ་དང་ལག་རྩལ་གསར་བ་བཀོལ་སྤྱོད་ལ་མཐོང་ཆེན་བྱེད་པ། གསུམ།  དགེ་རྒན་གྱི་དཔུང་སྡེ་དང་བསམ་བློ་ཆབ་སྲིད་བྱ་བའི་དཔུང་སྡེ་ལ་ཤུགས་སྣོན་བྱེད་པ་ནི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གྱི་ཐོག་མའི་ཆབ་སྲིད་ཀྱི་དམིགས་ཚད་ལ་འཛིན་པ། བཞི། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགོ་ཁྲིད་དབང་ཆ་གསལ་བོར་ངེས་པ་དང་ཆབ་སྲིད་ཀྱི་འགན་འཁྲི་དངོས་འབེབ་བྱེད་པ། ལྔ། ཏང་གིས་ཕྱོགས་ཡོངས་ནས་མཐོ་རིམ་སློབ་གྲྭ་ལ་འགོ་ཁྲིད་བྱེད་པ་ཤུགས་སྣོན་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་གཙོ་བོར་འཛིན་པ། མཐོ་རིམ་སློབ་གྲྭ་དག་གིས་ཏང་འཛུགས་བྱ་བར་ཤུགས་བསྣན་ནས་ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་དགོས་པ་བཅས་རེད།

ཚོགས་ཐོག་ཏུ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གྲྭ། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ཀྱིས་བསམ་བློ་བརྗེ་རེས་བྱས་པ་དང་གཏམ་བཤད།