མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེག་གཏོར་གྱི་ཇུས་གཞི་གསུམ་ལག་བསྟར་བྱས།
2018.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་ལོ་གསུམ་ལག་ལེན་ཇུས་གཞིར་རྒྱལ་ཁ་ལེན་པ་ཞེས་པ་གཏན་འབེབས་བྱས་པ་དང་།  ལས་ཞུགས་དབུལ་ཐར།  རྩལ་ནུས་དབུལ་ཐར།  སྤྱི་ཚོགས་འགན་སྲུང་དབུལ་ཐར་བཅས་ཀྱི་ཇུས་གཞི་བཀོད་སྒྲིག་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ལག་བསྟར་བྱས་པ་རེད།

དེ་དང་མཉམ་དུ་བཟོ་སྐྲུན་འཛུགས་སྐྲུན་གྱི་ཁྱབ་ཁོངས་རྣམ་གྲངས་ལྟར་ཉེན་འགོག་ལ་ཞུགས་པར་སྐུལ་འདེད་ཤུགས་ཆེར་གཏོང་བ་དང་།  ཞིང་བ་ལས་བཟོ་བ་ལས་ཤོར་ཉེན་འགོག་ལ་ཞུགས་པར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་དང་།  ཐོན་ལས་གསར་བ་དང་ལས་རྣམ་གསར་བ། དཔེ་རྣམ་གསར་བ་བཅས་འཚོལ་ཞིབ་དང་འགན་སྲུང་ལམ་ལུགས་བཙུགས་ནས།  དབུལ་ཐར་ལ་བཀག་འགོག་བྱེད་པའི་རྐྱེན་ངན་མཐའ་དག་སེལ་རྒྱུ་རེད།

ཉིས་སྟོང་ཉི་ཤུ་ལོར། ཡིག་ཚགས་བྱང་བུ་ལས་གཞི་རྒྱ་སྐྱེད་བྱས་པར་བརྟེན་ནས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་རྒྱ་ཇེ་ཆེ་དང་ལས་ཞུགས་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ལ།  དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་མངོན་འགྱུར་གྱི་མི་གྲངས་འབུམ་གཉིས་ཁྲི་ལྔ་དང་དབུལ་ཐར་མི་གྲངས་འབུམ་གཉིས་ཁྲི་ལྔ་ལ་བསླེབ་པར་བརྩོན་ལེན་བྱེད་རྒྱུ་རེད།

ལས་རིགས་གསོ་སྦྱོང་དང་རྩལ་ནུས་གསོ་སྦྱོང་ཡོངས་ཁེབས་རང་བཞིན་ཅན་དུ་འགྱུར་བར་བརྩོན་ལེན་བྱས་ཏེ།  འཇོན་མིས་དབུལ་ཐར་ཞབས་ཞུར་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་མ་ཟད།  འཇོན་མིའི་ཤེས་རབ་ལ་བརྟེན་ནས་དབུལ་ཕོངས་ས་ཁུལ་དབུལ་ཐར་བྱེད་པའི་ནུས་པར་ཤུགས་སྣོན་དང་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།