རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་འཛམ་གླིང་ཁོར་ཡུག་ཐེབས་རྩའི་རྒྱབ་སྐྱོར་ཐོབ།
2018.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

སྐྱེ་ཁམས་ཁོར་ཡུག་པུའུ་ནས་བསྒྲགས་པ་ལྟར་ན།  ཉེ་ལམ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སོགས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གསུམ་ལ་འཛམ་གླིང་ཁོར་ཡུག་ཐེབས་རྩའི་རྒྱབ་སྐྱོར་ཐོབ།  དེས་སྲུང་སྐྱོབ་ས་ཁུལ་གྱི་དོ་སྲུང་མི་སྣར་གསོ་སྦྱོང་དང་དཔེ་སྟོན་སྡེ་བའི་སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཐད་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་ལས་གཞིའི་དཔེ་སྟོན་ཁུལ་ཡིན་པའི་ཆ་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་དཔེ་སྟོན་སྡེ་བ་བཞི་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་།  ལས་གཞི་འདི་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ནང་དངོས་སུ་འགོ་རྩོམ་རྒྱུ་ཡིན་པ་དང་།  འཛུགས་སྐྲུན་དུས་ཡུན་ལོ་ལྔ་རེད།   ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ས་གནས་སྲིད་གཞུང་བར་གྱི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་།   ས་གནས་དེའི་གཞིས་ཁུལ་དང་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་དོ་དམ་བྱེད་པའི་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་ཐུབ།

འཛམ་གླིང་ཁོར་ཡུག་ཐེབས་རྩའི་ལས་གཞི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ལག་བསྟར་བྱེད་ཐུབ་པ་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྒོ་འབྱེད་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དངོས་ཡོད་རང་བཞིན་གྱི་གོམ་སྟབས་སྤོས་པ་མཚོན་ཡོད་ལ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཁོར་ཡུག་སྲུང་སྐྱོབ་ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་ལྟེ་གནས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་།   མ་དངུལ་བརྩོན་ལེན་བྱེད་པ།ལས་གཞི་སྔ་མོ་ནས་ལག་བསྟར་བྱེད་པ།   སྔ་མོ་ནས་ཕན་ནུས་འདོན་པར་སྐུལ་འདེད་ནུས་པ་འདོན་ཐུབ།