པད་མ་རྫོང་གི་དམར་དམག་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས།
2018.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གོ་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པ་དང་། རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་དམར་དམག་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་སློབ་གླིང་། པད་མ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་པེ་ཅིན་ནས་མཚོ་སྔོན་ཞིང་ཆེན་པད་མ་རྫོང་དམར་དམག་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་བཞུགས་མོལ་ཚོགས་འདུ་བསྡུས། ཆེད་མཁས་པ་དང་རིག་གནས་པ། དམར་དམག་གི་རྗེས་རབས་པ་སུམ་ཅུ་ལྷག་བྱ་འགུལ་ལ་ཞུགས། རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀུའུ་ཞིག་ལེན་གྱིས་གྱིས་མཚོ་སྔོན་པད་མ་དམར་དམག་རྗེས་དྲན་ཁང་ལ་རྒྱལ་ཡོངས་དམར་དམག་སློབ་ཆུང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་གཟི་བརྗིད་མཚན་སྙན་གནང་།
       པད་མ་རྫོང་ནི་ཀྲུང་གོ་བཟོ་ཞིང་དམར་དམག་ལམ་ཐག་སྤྱི་ལེ་ཁྲི་གཉིས་དང་སྟོང་ལྔ་བརྒྱུད་པའི་ས་ཆ་ཡིན་ལ། མཚོ་སྔོན་གྱི་དམར་པོའི་སློབ་གསོའི་ཐོན་ཁུངས་ཡིན། ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་ད་ལྟའི་བར་དུ། པད་མ་རྫོང་གི་དམར་དམག་ལུང་བ་དེ་སྔ་གཞུག་ཏུ་མཚོ་སྔོན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ལས་སྐབས་གསུམ་པའི་རྒྱལ་ཡོངས་དམར་པོའི་ཡུལ་སྐོར་ལྗོངས་ཁུལ། རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། མཚོ་སྔོན་ཞིང་ཆེན་དམར་དམག་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་སློབ་གླིང་། ཀྲུང་གོ་བཟོ་ཞིང་དམར་དམག་པད་མའི་དམར་དམག་སློབ་གྲྭ་སོགས་ཀྱི་གྲས་སུ་ཚུད། ཉེ་བའི་ལོ་འདི་དག་ལ། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་བསྡོམས་པས་ཐེངས་བརྒྱ་ཉེར་གསུམ་ལ་མི་འབུམ་གསུམ་དང་ཁྲི་བདུན་ལྷག་སྔ་རྗེས་སུ་པད་མ་རྫོང་ལ་ཡོང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱངས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ལས་ཁུངས་ཉེར་གཅིག་གིས་སྔ་གཞུག་ཏུ་དམར་དམག་ལུང་བ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཀལ་ལ། མདོག་གསུམ་པད་མའི་ཁྲོད་ཀྱི་དམར་པོའི་པད་མར་སྔར་མེད་མཉམ་འདྲེས་འཕེལ་རྒྱས་བྱུང་པ་ལ་རྒྱུས་ལོན་དང་། ངོས་ཟིན། ཁས་ལེན་བཅས་བྱེད་ཀྱིན་ཡོད།