མཚོ་སྔོན་གྱིས་སློབ་གྲྭ་རིགས་གཉིས་ཀྱི་སློབ་སྒྲུབ་ཆ་རྐྱེན་ཐད་སྲིད་ཇུས་བཏོན་ནས་ལེགས་བཅོས་གཏོང་རྒྱུ་རེད།
2018.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཁྱོན་ཡོངས་ནས་ཞང་དང་སྡེ་བའི་གཞི་ཁྱོན་ཆུང་གྲས་ཀྱི་སློབ་གྲྭ་དང་། ཞང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ་སྟེ། མཁར་གྲོང་དང་ཞང་། ས་ཁོངས་དང་ས་ཁོངས། སློབ་གྲྭ་དང་སློབ་གྲྭའི་བར་གྱི་ཧེ་བག་ཇེ་ཆུང་དུ་བཏང་ནས། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད། སློབ་གསོའི་སློབ་ཁྲིད་སྤུད་ཚད་ཇེ་མཐོར་བཏང་བ་ལས་གཞན། འདྲ་མཉམ་དང་ཕུལ་བྱུང་གི་ཁྱད་ཆོས་ལྡན་པའི་འོས་འགན་སློབ་གསོ་སྒྲུབ་པར་འབད་འབུངས་བྱས།

ཉིས་སྟོང་ཉི་ཤུ་ལོར། སློབ་གྲྭ་རིགས་གཉིས་ཀྱི་ཞན་ཆ་གཞི་རྩའི་ཆ་ནས་གསབ་ཐུབ་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞང་དང་སྡེ་བའི་སློབ་གསོ་བསྐྱར་དར་འབྱུང་བར་བྱས་ནས། སློབ་གྲྭ་རིགས་གཉིས་ཀྱི་བཀོད་འགྲེམ་སྔར་ལས་ལུགས་མཐུན་ཡོང་བར་བྱེད་པ་དང་། སློབ་སྒྲུབ་ཆ་རྐྱེན་ཞིང་ཆེན་གྱི་དམིགས་ཚད་དུ་སླེབས་པར་བྱེད་པ། འགྲོ་སོང་དང་དངུལ་གཏོང་བཀོལ་སྤྱོད་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། སློབ་གསོ་དང་སློབ་ཁྲིད་དོ་དམ་ལམ་ལུགས་ལ་ལེགས་བཅོས་གཏོང་བ། མཁར་གྲོང་དང་ཞང་གི་དགེ་རྒན་ཐོན་ཁུངས་བཀོད་སྒྲིག་ལས་དོན་རྩ་བའི་ཆ་ནས་དོ་མཉམ་ཡོང་བར་བྱེད་པ། སློབ་གྲྭ་རིགས་གཉིས་ཀྱི་སློབ་གསོ་དང་སློབ་ཁྲིད། སློབ་གསོའི་སྤུས་ཚད་ཀྱི་ཉེར་མཁོ་བཅས་ཚིམ་པར་བྱེད་པ། ཞང་དང་སྡེ་བའི་སློབ་གསོ་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ་བཅས་ལ་འབད་མཐར། ཞང་དང་སྡེ་བའི་སློབ་མར་འདྲ་མཉམ་དང་སྤུས་ཚད་ཡོད་པའི་སློབ་གསོ་སྤེལ་རྒྱུ་རེད།