སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་གཅིག་གྱུར་གྱི་སྨན་རྫས་ཉོ་བསྡུ་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་། སྨན་ཐོ་འཁོར་སྐྱོད་དང་སྨན་རྫས་མཉམ་སྤྱོད་ནང་རྐྱེན་གྲུབ་པར་བྱས་ཏེ་གཞི་རིམ་སྨན་བཅོས་སྡེ་ཁག་ལ་སྨན་རྫས་ནུས་ཡོད་སྒོས་འདོན་སྤྲོད་བྱེད་པ་དང་། སྨན་རྫས་ཀྱི་རིན་གོང་ཇེ་དམར་གཏོང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་སྨན་རྫས་དང་སྤྱིར་བཏང་གི་སྨན་བཀོལ་རྒྱུ་ཆ་གཅིག་གྱུར་ཉོ་བསྡུ་བྱ་བའི་ཇུས་གཞི་དཔར་ནས་བཀྲམ་སྟེ། ཞིང་ཆེན་ཡོངས་སུ་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་སྨན་རྫས་དང་སྤྱིར་བཏང་གི་སྨན་བཀོལ་རྒྱུ་ཆ་ཉོ་བསྡུ་བྱེད་པའི་བྱ་བ་སྤེལ།
རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་སྣེ་ཁྲིད་སྨན་ཁང་ནི་སྨན་རྫས་དང་སྤྱིར་བཏང་གི་སྨན་བཀོལ་རྒྱུ་ཆ་གཅིག་གྱུར་ཉོ་བསྡུ་བྱེད་ཡུལ་གཙོ་བོ་ཡིན་པ་དང་། སྣེ་ཁྲིད་སྨན་ཁང་གིས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་སྨན་བཅོས་སྡེ་ཁག་སོ་སོ་རྩ་འཛུགས་བྱས་ཏེ་སྨན་རྫས་དང་སྨན་བཀོལ་རྒྱུ་ཆ་གཅིག་གྱུར་ཉོ་བསྡུ་བྱེད་པའི་བྱ་བ་སྤེལ་བཞིན་ཡོད།