ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར་དུ། མཚོ་སྔོན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་སྒོས་གཏན་འབེབས་བཟོས་པའི། ཕྲུ་གུ་སྐྱེས་པའི་དཔང་ཡིག་གསར་མ་བཀོལ་རྒྱུ་རེད། མཚོ་སྔོན་གྱི་སྨན་བཅོས་ལས་ཁུངས་ཁག་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཕྲུ་གུ་སྐྱེས་པའི་དཔང་ཡིག་གསར་མ་དངོས་སུ་བཀོལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཕྲུ་གུ་སྐྱེས་པའི་དཔང་ཡིག་གསར་མའི་སྟེང་ཕྲུ་གུ་སྐྱེས་པའི་དཔང་ཡིག་པར་གཞི་ལྔ་བའི་མདུན་ཤོག་གི་ཡི་གེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་བྱས་ཏེ་བཟོས་ཞེས་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་བྱས་ཏེ་བཟོས་ཞེས་པ་རུ་བསྒྱུར་རྒྱུ་རེད།