མགོ་ལོག་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱས།
2018.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་འགྲེམ་སྤེལ་བྱས་རྗེས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་གསར་གཏོད་བྱས་པ་དང་། འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། རྩ་འཛུགས་ཀྱིས་གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ། སྣང་ཚུལ་བསྐྲུན་ནས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་སློབ་སྦྱོང་གི་རྣམ་པ་གསུམ་བརྒྱུད་དེ། ཐབས་མང་མཉམ་སྤྱོད་དང་ཁྱོན་ཡོངས་ནས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱས་པ་དང་། ཧུར་ཐག་གིས་སློབ་སྦྱོང་གི་གཙོ་གཞི་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ནས། ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ལམ་གྱི་རེ་བ་དང་ཏང་གི་སྒྲིག་ལམ་གྱི་ཚད་མཐའ་སེམས་སུ་དམ་པོར་འཛིན་པར་ཁག་ཐེག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྲོལ་ཡིག་པར་སྐྲུན་འགྲེམ་སྤེལ་བྱས་རྗེས། མགོ་ལོག་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པ་གཙོར་བཟུང་བ་དང་། རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་གྲོས་ཚོགས་བསྡུས་པ་བརྒྱུད་དེ་སྔོན་དུ་སློབ་སྦྱོང་བྱས་པ་དང་སྣེ་ཁྲིད་དེ་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁུལ་ཡོངས་ནས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་འགོ་བཟང་བོ་ཁྲིད་པ་དང་ལམ་བུ་བཟང་བོ་བཏོད། དེ་དང་མཉམ་དུ། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བར་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་དེ་སློབ་སྦྱོང་སློབ་གསོའི་འཆར་གཞི་ཁྲོད་བཞག་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་འགུལ་གྱི་རང་ཉིད་དེའི་ཁྲོད་འཇོག་པ་དང་། མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ། སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་ནས་མིག་དཔེ་བསྟན་ནས། ཁུལ་ཏང་ཨུས་འགོ་ཁྲིད་པ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་སློབ་སྦྱོང་གི་སྣང་ཚུལ་བཟང་བོ་གྲུབ་པར་བྱས།