ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། སློབ་རའི་རྐང་གྲུག་ལུས་རྩལ་གྱི་འཕེལ་རྒྱས་ལ་སྔར་ལས་ཤུགས་སྣོན་དང་ཁྱབ་བརྡལ་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སློབ་རའི་རྐང་གྲུག་ནུས་ཁུངས་སྡེབ་སྒྲིག་བྱས་ཏེ། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སློབ་རའི་རྐང་དྲུག་མཐུན་ཚོགས་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།
ཞིང་ཆེན་སློབ་རའི་རྐང་གྲུག་མཐུན་ཚོགས་ཀྱི་དྲུང་ཡིག་ལིས་ཙུན་མིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཐུན་ཚོགས་ཀྱིས་སློབ་རའི་རྐང་གྲུག་འགྲན་སྡུར་དམིགས་འཛིན་བྱེད་པ་ནས་མགོ་བརྩམས་ནས་། ལས་གཉེར་གྱི་ཁྱབ་ཁོངས་མུ་མཐུད་རྒྱ་སྐྱེད་བྱེད་པ། སློབ་རའི་དགེ་རྒན་གྱི་རྐང་གྲུག་གསོ་སྦྱོང་དང་ཁྱད་ཆོས་ལྡན་པའི་རྐང་གྲུག་སློབ་ར་འཛུགས་སྐྲུན་གྱི་བྱ་བ་བཅས་ནང་འདུས་བྱས་ནས། སློབ་རའི་རྐང་གྲུག་ལས་དོན་འཕེལ་རྒྱས་འགྲོ་བར་བྱས་རྗེས་གསར་བ་བཞག་པ་རེད།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རྐང་གྲུག་མཐུན་ཚོགས་ཀྱིས་སྤྱི་ཚོགས་སྟོབས་ཤུགས་དང་ནུས་ཁུངས་གཅིག་བསྡུས་གཙོར་འཛིན་བྱས་ཏེ། དགེ་རྒན་གསོ་སྦྱོང་ལ་ཁ་གཏད་དང་ཚོགས་ར་སྡེབ་སྒྲིག རྐང་གྲུག་འགྲན་སྡུར་རྩ་འཛུགས། སློབ་རའི་རྐང་གྲུག་གི་རྒྱལ་སྤྱིའི་བརྗེ་རེས་དང་རིག་གནས་འཕེལ་རྒྱས་བྱ་འགུལ་སྤེལ་ནས་སྲིད་གཞུང་གིས་གཞོགས་འདེགས་བཅས་བྱས་ནས་སློབ་གྲྭའི་སློབ་རའི་རྐང་གྲུག་བྱ་གཞག་སྔར་ལས་བཟང་པོར་འགྲུབ་པར་བྱས།
ལིས་ཙུན་མིན་གྱིས་བཤད་རྒྱུར། མཐུན་ཚོགས་ཀྱིས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ལག་བསྟར་དང་དངོས་འབེབས་ཀྱི་ཕྱོགས་གཉིས་ནས་སློབ་རའི་རྐང་གྲུག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང། སྲིད་གཞུང་གིས་གཞོགས་འདེགས་གཏན་ཕབ་བྱས་པའི་སློབ་རའི་རྐང་གྲུག་སྒྲིག་ཡིག་ལྟར་དུ། སློབ་རའི་རྐང་གྲུག་ཁྱབ་སྤེལ་ཁྲོད་ཀྱི་མི་འདང་ས་ཁ་བསྐངས་བྱེད་པ་དང་། དགེ་རྒན་ལ་ཆེད་ལས་རང་བཞིན་གྱི་རྐང་གྲུག་གསོ་སྦྱོང་དང་སློབ་མར་ན་གཞོན་སྦྱོང་བརྡར་གྱི་དམིགས་ཚད་ལྟར་སྦྱོང་བརྡར་བཅས་བྱས་ཏེ་སློབ་རའི་རྐང་གྲུག་ཁྱབ་བརྡལ་དུ་གཏོང་རྒྱུ་ཡིན་ཟེར།