མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས།
2018.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར།   བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་།    མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་རྒྱང་སྒྲོག  དྲ་བ་སོགས་བརྒྱུད་དེ་ཚོགས་ཆེན་གྱི་གནས་ཚུལ་ལ་གཟབ་ནན་གྱིས་ལྟ་ཉན་བྱས།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན།  ཞིང་ཆེན་དམངས་ཆེན།   ཞིང་ཆེན་སྲིད་གྲོས།  ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ།   གྲོང་ཁྱེར་དང་ཁུལ།  རྫོང་སོ་སོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས།   ཚང་མས་གཅིག་གྱུར་སྒོས་བལྟས་ན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་སྤྱི་ཡོངས་གཅིག་བསྡུས་བྱས་ཡོད་པ་དང་།  ནང་དོན་ཕུན་སུམ་ཚོགས་པར་འདོད།   ཚང་མས་བཅོས་སྒྱུར་སྒོ་འབྱེད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ།   ཏང་གི་རྗེས་སུ་སྙེག་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་།   བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ་།    ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་ཡིད་ལ་དམ་པར་ཉར་ནས།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བཅོས་སྒྱུར་ལག་ལེན་གྱིས་མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་བ་འབྲི་པ།    སྔར་ལས་ཆེ་བའི་སྙིང་སྟོབས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་བར་བྱེད་པ་དང་།   དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྔར་ལས་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སྐུལ་མ་ཆེན་པོ་ཐེབས།  ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས་རྗེས།  ཚང་མས་ལང་ལོང་གིས་བསྟན་དོན།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།  ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོབ་བྱེད་དགོས་པ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ་སྔར་ལས་འབྱོར་ཕྱུག་དང་དམངས་གཙོ།   དཔལ་ཡོན།  འཆམ་མཐུན་མཛེས་སྡུག་གི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཁྲལ་བསྡུ་ཅུའུ་ཡིས་ཏང་ཡོན་ལས་བྱེད་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ཀྱིས་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས།  ཚང་མས་ལང་ལོང་གིས་བསྟན་དོན།   ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ།  ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ་དང་།   རང་གི་ལས་གནས་སྟེང་རྐང་བཙུགས་ཏེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་མཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

ཞིང་ཆེན་དམག་ཁུལ་དང་མཚོ་སྔོན་དུ་སྡོད་པའི་དམག་དཔུང་།   དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་དམག་དཔུང་།   མཚོ་སྔོན་སྤྱི་བདེ་མེ་གསོད་མེ་འགོག་སྤྱིའི་རུ་ཁག་བཅས་ཀྱིས་དཔོན་དམག་རྩ་འཛུགས་བྱས་ཏེ་ཚོགས་ཆེན་གྱི་གནས་ཚུལ་བལྟས།   མཚོ་སྔོན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ་ཡི་འགན་ཁུར་བ་གཙོ་བོ་ཐན་ཅན་གྱིས་བཤད་རྒྱུར།   བཅོས་སྒྱུར་སྒོ་འབྱེད་ཀྱིས་དེང་རབས་ཀྲུང་གོའི་ལས་དབང་དང་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད་པ་དང་།  ཏང་དང་རྒྱལ་ཁབ།  མི་དམངས།    དམག་དཔུང་བཅས་ཀྱི་རྣམ་པར་སྔར་མེད་ཀྱི་འཕོ་འགྱུར་བྱུང་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད།   ང་ཚོས་འགུལ་སྐྱོད་དངོས་ལ་བརྟེན་ནས་མཚོ་སྔོན་ལ་དགའ་བ་དང་དཀའ་སྤྱད་འབད་བརྩོན་བྱེད་པ།  མཐོ་སྒང་ལ་བྱས་རྗེས་འཇོག་པའི་དམ་བཅའ་ལག་བསྟར་བྱེད་ངེས་ཡིན་ཟེར།

ཁྲི་ཀ་རྫོང་ལ་སེ་བ་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ།   སྡེ་སྡོད་བྱ་བའི་ལས་བྱེད་པ།  སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ལས་བྱེད་པ་དང་།  མང་ཚོགས་རྩ་འཛུགས་བྱས་ཏེ་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས་རྗེས།   ལས་བྱེད་མང་ཚོགས་རྣམས་ཀྱིས་ལང་ལོང་གིས་བསྟན་དོན།  ལོ་བཞི་བཅུའི་རིང་ལ།   བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས།  མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་སྔར་ལས་མཐོར་འདེགས་བྱུང་ཡོད།  རྗེས་ཕྱོགས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་བྱེད་པའི་འགོ་ཁྲིད་འོག    མཚོ་སྔོན་གྱི་མ་འོངས་པ་སྔར་ལས་བཟང་བ་དང་།  མེས་རྒྱལ་གྱི་མ་འོངས་པར་སྔར་ལས་འོད་སྟོང་འབར་བར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཞོན་ཧྭ་རྫོང་ཀ་རིང་བོད་རིགས་ཞང་ཡར་ཀ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དབྱང་ཐུང་ཡེ་དང་སྡེ་བའི་ལས་བྱེད་པ།  སྡེ་དམངས་བཅས་ཀྱིས་སྡེ་བའི་ཚོགས་འདུ་ཁང་ནང་མཉམ་དུ་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་ལ་བལྟས།  ཚང་མས་ལང་ལོང་གིས་བསྟན་དོན།   བཅོས་སྒྱུར་སྒོ་འབྱེད་པའི་བྱས་པའི་ལོ་བཞི་བཅུའི་རིང་ལ།   ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ནས་འབྱོར་ཕྱུག་དང་སྟོབས་ལྡན་གྱི་རླབས་ཆེན་མཆོངས་སྐྱོད་བསུས་པ་དང་།   རིགས་སོ་སོའི་མི་དམངས་ཀྱིས་སྔ་ན་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལ།   ཀ་རིང་བོད་རིགས་ཞང་ཡར་ཀ་སྡེ་བར་ཡང་སྔར་མེད་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཟེར།