ཚྭ་མཚོ་གནས་སྐོར་ས་ཁུལ་གྱིས་ཡུལ་སྐོར་ལས་དོན་ཁང་བརྒྱད་བརྒྱ་དྲུག་ཅུ་ལ་མཉམ་འབྲེལ་གྲོས་འཆམ་བྱུང་།  
2018.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

མཚོ་སྔོན་དྲ་བའི་གསར་འགྱུར་ལྟར་ན།  2018ལོའི་ཚྭ་མཚོ་གནས་སྐོར་ས་ཁུལ་གྱི་ལོ་རེའི་ཡུལ་སྐོར་བའི་མི་གྲངས་འབུམ་གསུམ་དང་ཁྲི་གསུམ་ལ་སླེབས་པ་དང་ཡུལ་སྐོར་ལས་དོན་ཁང་བརྒྱད་བརྒྱ་དྲུག་ཅུ་ལ་མཉམ་འབྲེལ་གྲོས་འཆམ་བྱུང་། ཡུལ་སྐོར་ལས་དོན་ཁང་གིས་སྣེ་ལེན་ཀྱི་ཟིན་ཚད་2016ལོ་ཡི་བརྒྱ་ཆའི་བཅོ་བརྒྱད་ལས་བརྒྱ་ཆའི་སོ་གཉིས་ལ་འཕར་བ་དང་ལོ་རྒྱུས་རིང་བཞིན་གྱི་འཕར་སྣོན་བྱུང་།

ཟླ་12བའི་ཚེས་18ཉིན། མཚོ་སྔོན་ཚྭ་མཚོ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སིས་2018ལོའི་ཡུལ་སྐོར་མཉམ་འབྲེལ་ལས་ཁུངས་ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་བ་དང་ཀྲུང་གོའི་ཡུལ་སྐོར་གནས་ཁུལ་མཐུན་ཚོགས་སོགས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་མཉམ་ལས་ཁང་ཉིས་བརྒྱ་ལྷག་ཚོགས་འདུར་ཞུགས།ནུབ་རྒྱུད་གཏེར་ལས་ཚོགས་པ་ནི་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ཁེ་ལས་ལྔ་བརྒྱ་ནང་ཚུད་ཡོད་པའི་ཁེ་ལས་ཡིན་པའི་ཆ་ནས་ཤུགས་ཆེན་པོས་ཐོན་ལས་གསར་བ་དང་ལས་གཞི་གསར་བ་འཕེལ་རྒྱས་སུ་གཏོང་དགོས་ལ། ཚྭ་མཚོ་གནས་སྐོར་ལྗོངས་རྒྱུ་ཁུལ་གསར་སྤེལ་བྱས་པ་དང་མཉམ་དུ་ཧུར་བརྩོན་གྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་གཞི་དང་ཐོན་ལས་ལ་མ་རྐང་བཞག་ཏེ་འགུལ་ནུས་གསར་བ་འཕེལ་རྒྱས་སུ་གཏོང་དགོས།  ད་ལོར་ཚྭ་མཚོ་གནས་སྐོར་ས་ཁུལ་གྱིས་སྒོར་འབུམ་དྲུག་ཁྲི་གསུམ་ལྷག་བཏང་སྟེ་2018ལོའི་ཞིང་ཆེན་ཕྱི་ནང་གི་ཚྭ་མཚོའི་ཡུལ་སྐོར་མཉམ་འབྲེལ་ལས་ཁུངས་ཉེར་དགུ་ལྷག་ལ་བྱ་དགའ་གནང་།