མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2018.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་གཏིང་ཟབ་སྐུལ་སྤེལ་གྱི་ཚོགས་འདུ་ཚོགས་དེ།  མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་གནས་ཚུལ་སྤྱི་སྡོམ་དང་རྗེས་ཕྱོགས་ཀྱི་གལ་ཆེའི་འོས་འགན་བཀོད་སྒྲིག་ཞིབ་འཇུག་བྱས།  ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་གནང་།

ཚོགས་འདུ་ལས་བསྟན་དོན།  གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་ནི་སྤྱི་ཚོགས་ཡོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།  ཞིང་ཕྱུགས་ལས་རིགས་ཀྱི་འདོན་ཕྱོགས་སྒྲིག་གཞིའི་བཅོས་བསྒྱུར་ལ་སྐུད་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་རྨང་གཞི་ཡིན།  དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་དབུལ་སྐྱོར་ཁོར་ཡུག་གི་བྱེད་ཐབས་གལ་ཆེན་དང་ཞིང་འབྲོག་མང་ཚོགས་ཀྱི་མ་རྩ་སྡུད་གཏོང་གི་དཀའ་ཁག་སེལ་ནུས་པའི་བྱེད་ཐབས་ལེགས་ཤོསདང་མ་རྩ་སྡུད་གཏོང་མཐོ་བའི་གནད་དོན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད།   ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།  སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་བ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཕྱོགས་ཡོངས་ནས་གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་རྒྱུན་རིང་བའི་ལས་འགན་ཞིག་དང་རྒྱུན་མཐུད་ཀྱི་གོ་རིམ་ཞིག་ཡིན་པ་རེད།  ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོ།  དངུལ་རྩའི་ལས་ཁུངས་སོགས་ཀྱིས་གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་པ །  ཡིད་རྟོན་རོགས་འདེགས་ནུས་པ་མཐོར་འདེགས་དང་ཡིད་རྟོན་དབུལ་སྐྱོར་ནུས་པར་ཤུགས་སྣོན་བྱས་ནས། གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་མངོན་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་ལས་གཞིའི་འོས་འགན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།