ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་འཐེན་ཐུག་ཟ་ཁང་དུ་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་ཧྲང་ཧེ་ནས་སྤེལ་འགོ་བརྩམས།
2018.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

འཐེན་ཐུག་ཟ་ཁང་དུ་སོང་ནས་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་ཐོག་མ་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ཧྲང་ཧེ་ནས་སྤེལ་བ་དང་། འཐེན་ཐུག་ཟ་ཁང་གི་འཐུས་ཚབ་པ་ལྔ་བརྒྱ་ལྷག་ལ་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་མ་ཟད། སྤྱི་ཚོགས་འགན་སྲུང་དང་ཚོང་འགུག་དངུལ་འདྲེན། ཏང་གི་མི་རིགས་ཆོས་ལུགས་སོགས་ཕྱོགས་ཀྱི་སྲིད་ཇུས་འགྲེལ་བཤད་དང་དབྱེ་ཞིབ་བྱས།

ན་ནིང་འཐེན་ཐུག་ཟ་ཁང་དུ་སོང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་རྗེས་མཐུད་དེ།  ད་ལོར་མཚོ་ཤར་གྱིས་ཡང་བསྐྱར་སྒྲོག་འགྲེལ་དཔུང་སྡེ་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱིའི་འཐེན་ཐུག་ཟ་ཁང་དུ་གཅིག་བསྡུས་སྒྲོག་འགྲེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་བརྒྱུད་དེ། མཚོ་སྔོན་གྱི་འཐེན་ཐུག་ཟ་ཁང་གཉེར་བཞིན་པའི་མི་སྣའི་ཡིད་ཆེས་ཇེ་མཐོར་གཏོང་བ་དང་། གོ་སྐབས་དམ་འཛིན་བྱེད་པ། རང་རྟོགས་སྒོས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ལ་བརྩི་མཐོང་། ཁྲིམས་དམ་སྲུང་བྱེད་པ། རང་འགུལ་གྱིས་ས་དེའི་སྤྱི་ཚོགས་ཁྲོད་འདྲེས་པར་བྱེད་པ། ས་དེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཁྲོད་ཞུགས་པར་རོགས་བྱས་ནས། མཚོ་ཤར་གྱི་འཐེན་ཐུག་དཔལ་འབྱོར་ཚུལ་བསྒྱུར་གོང་འཕེལ་དུ་གཏོང་བ་དང་། རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

སྒྲོག་འགྲེལ་སྐབས་སུ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཧྲང་ཧེ་རུ་འཐེན་ཐུག་ཟ་ཁང་གཉེར་བཞིན་པའི་ཚོང་གཉེར་པ་དང་བཞུགས་མོལ་བྱས་པར་མ་ཟད། འཐེན་ཐུག་ཟ་ཁང་སྐོར་ཞིག་ལ་འཚམས་འདྲི་བྱས། ཕུལ་བྱུང་འཐེན་ཐུག་ཟ་ཁང་ལ་བྱ་དགའ་བྱིན་པ་དང་། ཚོང་གཉེར་ཐད་ནས་དཀའ་ཁག་ཡོད་པའི་ཟ་ཁང་ལ་འཚམས་འདྲི་བྱས་ཏེ། ཕྱི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་པའི་ཚོང་གཉེར་པ་དག་གིས་ཕ་ཡུལ་གྱི་སེམས་ཁུར་དང་སྐུལ་སློང་ཉམས་སུ་མྱོང་ཐུབ་པར་བྱས་པ་དང་། ལས་གཉེར་ལས་སྐྲུན་གྱི་སྒུལ་ཤུགས་ཆེར་སྐྱེད།

མཚོ་སྔོན་གྱི་འཐེན་ཐུག་ཟ་ཁང་གཉེར་བཉིན་པའི་མི་སྣ་ལ་སྣེ་ཁྲིད་ཞབས་ཞུ་སྔར་ལས་བཟང་བོ་བསྒྲུབ་ཆེད། སྒྲོག་འགྲེལ་ཚོགས་པས་ད་དུང་ཧྲང་ཧེ་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུའུ་དང་བརྗེ་རེས་གཏིང་ཟབ་བྱས་ནས། ཕྱོགས་གཉིས་ཀྱིས་ཧྲང་ཧེ་རུ་འཐེན་ཐུག་ཟ་ཁང་གཉེར་བཞིན་པའི་མི་སྣའི་ལས་དོན་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་དགོས་མཁོ་ལ་ཟུང་འབྲེལ་བྱས་ནས་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། ལག་བསྟར་བྱེད་ཆོག་པའི་བྱེད་ཐབས་བཟང་བོ་བཏོན་པ་དང་། བརྗེ་རེས་དང་མཉམ་ལས་རྐྱེན་སྲོལ་འཛུགས་པ་སོགས་ཕྱོགས་ནས་ཐུན་མོང་གི་ལྟ་བ་བྱུང་།

ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ལ་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་བྱས་པ་མ་ཟད། ད་དུང་ཚན་ཆུང་བགོས་ནས་ཀོང་ཀྲིག་དང་ཞ་མིན། ཐེན་ཅིན། ཅི་ནན་སོགས་གྲོང་ཁྱེར་ཉི་ཤུ་རུ་སོང་ནས་སྒྲོག་འགྲེལ་བྱེད་རྒྱུ་རེད།