མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་དང་། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་ཐུན་རིན་རྫོང་ཆུ་ཁོག་ཞང་གི་དབུལ་སྐྱོར་རོགས་འདེགས་ཀྱི་རིག་གནས་བྱ་འགུལ་སྤེལ།
2018.12.22 ཁུངས། ཀློག་གྲངས། 132

ཕྱོགས་ཡོངས་ནས་རང་རྟོན་བཞི་དོན་འཁྱོལ་མཐར་ཕྱིན་དང་།  གཞི་རིམ་རྩ་འཛུགས་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རིག་གནས་ཡིད་རྟོན་རྨང་གཞི་ཇེ་བརྟན་དུ་གཏོང་ཕྱིར། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་དང་།  མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཆུ་ཁོག་ཞང་ཏང་ཨུ་དང་ཞང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་ཐུན་རིན་རྫོང་གི་མདོ་བ་སྡེ་བ་དང་། ཀོའུ་སྡེ་སྡེ་བ་གཉིས་ཀྱི་དབུལ་སྐྱོར་རོགས་འདེགས་ཀྱི་རིག་གནས་བྱ་འགུལ་དེ་ཟླ་འདིའི་ཚེས21ཉིན་ཟི་ལིང་དུ་བསྡུས།

ཉེ་བའི་ལོ་འགའི་རིང་ལ།  མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་དང་།  མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་རིག་གནས་ཡིད་རྟོན་དང་།  གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་འདི་ཉིད་དམིགས་སུ་བཟུང་སྟེ་མང་ཚོགས་ཀྱི་བསམ་བློའི་འཚོ་བ་དང་རིག་གནས་བྱ་འགུལ་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས་སྔར་མེད་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཤིང་།  དེ་བས་ཐེངས་འདིར་ཆུ་ཁོག་ཞང་གི་སྡེ་བ་སོ་སོའི་འབྲེལ་ཡོད་མགོ་ཁྲིད་རྣམས་རྩ་འཛུགས་སྒོས་ཞིང་ཆེན་རིམ་པའི་ལས་ཁུངས་ཁ་ཤས་ལ་ཆེད་དུ་མངགས་ཏེ་རིག་གནས་འགྲེམ་སྟོན་གྱི་གནས་ཚུལ་ལ་རྒྱུས་ལོན་དང་རིག་གནས་དེ་ལ་བརྟེན་ནས་མི་རེ་རེའི་བློ་རྒྱ་དང་མཐོང་རྒྱ་ཇེ་ཡངས་སུ་གཏོང་བའི་ཕྱོགས་ལ་ཐབས་ཇུས་སྣ་ཚོགས་བཏོན་དང་འདོན་བཞིན་ཡོད། 

ཐེངས་འདིའི་བྱ་འགུལ་འདིའང་རིག་གནས་དང་འབྲེལ་ཞིང་དབུལ་སྐྱོར་རོགས་འདེགས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་པས།  གོང་རིམ་གྱིས་རྒྱབ་སྐྱོར་བརྟེན་ནས་ཐོག་མར་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ནས་ཐང་བོད་གནའ་ལམ་གྱི་རིག་གནས་འགྲེམ་སྟོན་ལ་ལྟ་ཞིབ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་སྐོར་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་ཡུལ་དངོས་སུ་སོང་ནས་རིག་རྩལ་འཁྲབ་སྦྱོང་གི་གོ་རིམ་ལ་ལྟ་ཞིབ་བྱས་པ་བརྒྱུད་ནས་ཐང་བོད་གནའ་ལམ་གྱི་གནའ་རབས་ལོ་རྒྱུས་ལ་ཕྱི་མིག་དང་།  དེང་རབས་རིག་གནས་མཉམ་བསྲེས་བྱེད་པའི་རིག་གནས་དབུལ་སྐྱོར་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་།   ཐེངས་འདིའི་བྱ་འགུལ་འདིས་དམངས་ཡོངས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་དང་རིག་གནས་གསར་བ་དང་ལེན་བྱེད་པ།  འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཁར་སྐྱོད་པའི་དབུལ་ཐར་གྱི་རྣམ་པ་མངོན་པར་མཚོན་ཡོད། དེ་མིན་ཐེངས་འདིའི་རིག་གནས་དབུལ་སྐྱོར་གྱི་བྱ་འགུལ་འདི་བརྒྱུད་ནས་ཆུ་ཁོག་ཞང་གཙོ་བྱས་པའི་ཐུན་རིན་རྫོང་གི་འབྲེལ་ཡོད་ལས་ཁུངས་དག་ལ་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་གདོན་པར་ནུས་ཤུགས་མི་དམན་པ་ཐོན་ངེས་ལ། མི་དམངས་མང་ཚོགས་ཀྱིས་རིག་གནས་རང་རྟོན་ལ་བཟུང་བའི་གོ་རྟོགས་ཇེ་མཐོ་དང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ་ངེས་རེད།

འབྲེལ་ཡོད་མི་སྣས་བྱ་བར་བཀོད་སྒྲིག་བྱེད་བཞིན་པ།

ཐེངས་འདིའི་བྱ་འགུལ་གྱི་ནང་དོན་ངོ་སྤྲོད་བྱེད་བཞིན་པ།

མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ནས་འགྲེམ་སྟོན་ལ་ལྟ་བཞིན་པ།

འགྲེམ་སྟོན་ལ་ལྟ་བཞིན་པ།

ཐང་བོད་གནའ་ལམ་སྐབས་ཀྱི་རྫ་ཆས།

འགྲེམ་སྟོན་ལ་ལྟ་བཞིན་པ།

མཚོ་སྔོན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་ཡུལ་དངོས་སུ་སླེབས་པ།

འཁྲབ་སྟོན་མི་སྣས་བསུ་བ་བྱེད་བཞིན་པ།

འཁྲབ་སྦྱོང་གི་གོ་རིམ།

འཁྲབ་སྦྱོང་གི་གོ་རིམ།

རྩ་འཛུགས་ལས་ཁུངས་སོ་སོའི་འབྲེལ་ཡོད་མི་སྣའི་མཉམ་པར།


གསར་འགོད་པ།  ལྕགས་ཐར་ཚེ་རིང་།  དབང་རྒྱལ་ཚེ་རིང་།  ཀླུ་རྒྱལ།