ཀོས་ནན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་།
2018.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་བའི་ལོ་འགའི་རིང་ལ།  མཚོ་ལྷོ་ཁུལ་ཀོས་ནན་རྫོང་གིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་།  ཞིང་སྡེ་དར་རྒྱས་འཐབ་ཇུས་ལ་དམིགས་པ།   གནད་ཕིགས་དབུལ་སྐྱོར་ལ་དམིགས་ནས་ཏང་འཛུགས་དམ་འཛིན་བྱེད་པ།  རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པ་གཞི་རིམ་དུ་ཟབ་ཞུགས་བྱེད་པ་བཅས་བྱས་ཏེ་གནད་ཕིགས་དབུལ་སྐྱོར་ལས་འགན་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་།

ཀོས་ནན་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཞི་རིམ་དམ་འཛིན་བྱེད་པའི་ཁ་ཕྱོགས་བརྟན་པོར་བཙུགས་པ་དང་།   གཞི་རིམ་ཏང་རྩ་འཛུགས་ཀྱི་ཕྱོགས་བསྡུས་ནུས་པ་དང་གོ་གནས་བྱེད་ནུས་འབུར་དུ་ཐོན་པར་བྱས་ཏེ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།      རྫོང་དང་ཞང་།  སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཀྱིས་རིམ་པ་རེ་རེ་བཞིན་འགན་འཁྲིའི་ཡི་གེ་བཀོད་དེ་ལས་རིགས་དབུལ་སྐྱོར་དང་སྡེ་སྡོད་བྱ་བའི་དབུལ་སྐྱོར།   སྤྱི་ཚོགས་དབུལ་སྐྱོར་ནང་རྐྱེན་ལག་ལེན་མཐར་ཕྱིན་བྱས་པ་དང་།   རྫོང་ཏང་ཨུ་ཡིས་ཟླ་གཅིག་ལ་བཀོད་གཏོང་གཅིག་དང་།   དུས་ཚིགས་གཅིག་ལ་སྙན་ཞུ་གཅིག་གི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ་བྱ་བ་སོ་སོར་སྐུལ་འདེད་བཏང་བ་དང་།  ལས་འགན་སོ་སོ་དངོས་འབེབས་དོན་འཁྱོལ་བྱས་ཏེ།   དབུལ་ཐར་མཁྲེགས་གཏོར་ལས་འགན་ལག་བསྟར་བྱས།

རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྲིད་ཇུས་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན།   མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱེད་པའི་དགེ་མཚན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ།   ཏང་འཛུགས་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་།   ཏང་འཛུགས་ཀྱིས་གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ།   མི་གཅིག་ལས་ཞུགས་བྱས་ནས་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི་སྐུལ་ཁྲིད་ཀྱི་རྣམ་པ་སོགས་བརྒྱུད་དེ་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་རོགས་འདེགས་བྱས།