ཉེ་བའི་ལོ་འདི་དག་ལ། གཅན་ཚ་རྫོང་གིས་ཏང་འཛུགས་ལ་བརྟེན་ནས་དབུལ་སྐྱོར་བྱ་བ་དམ་དུ་འཛིན་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བར་གཅིག་བསྡུས་ཀྱིས་འཆར་འགོད་བྱས། ཁམས་ར་གྲོང་རྡལ་ཏང་ཨུས་རྫོང་ཏང་ཨུའི་བཀོད་སྒྲིག་གི་རྨང་གཞིའི་སྟེང་དུ་རྩ་འཛུགས་འཛུགས་སྐྲུན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བཙན་རྫོང་བསྐྲུན་ནས། ལྟ་སྐུལ་དོ་དམ་ལ་གཟབ་ནན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ལས་འགན་དངོས་འབེབ་ལ་འགན་སྲུང་བྱས།
ཁམས་ར་གྲོང་རྡལ་ཏང་ཨུས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྣམ་པ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བཏང་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་རྣམས་ལ་རྩ་འཛུགས་སྒོས་སློབ་སྦྱོང་བྱེད་དུ་བཅུག་ནས། ཏང་ཡོན་གྱིས་དུས་ལྟར་ཏང་གི་སྲིད་ཇུས་བྱེད་ཕྱོགས་སོ་སོར་རྒྱུས་ལོན་བྱེད་པར་རོགས་འདེགས་བྱས། དུས་མཉམ་དུ་ཏང་ཡོན་གྲོས་དོན་སོགས་སྒྲིག་གཞིའི་ལམ་ལུགས་སོ་སོ་བདེ་ཐང་ཅན་དུ་བཏང་ནས། གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་དང་དམ་དུ་སྦྲེལ་ནས། གཅིག་བསྡུས་ཞིབ་འཇུག་ཐག་གཅོད་བྱས་རྗེས་སྤྱི་བསྒྲགས་བྱས་པ་དང་། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས།
གྲོང་རྡལ་གྱི་ཏང་ཨུས་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པའི་དོ་དམ་ལ་ཤུགས་བསྣན་ནས། ལྟ་སྐུལ་ཞིབ་བཤེར་དང་། དུས་ངེས་མེད་དུ་དབུལ་ཕོངས་ཁྱིམ་ཚང་གི་ཞིབ་གཉེར་དབྱེ་འབྱེད་བྱེད་པ། དབུལ་སྐྱོར་སྲིད་ཇུས་དངོས་འབེབ་བྱེད་པ། སྡེ་སྡོད་ལས་བྱེད་པས་ལས་ཐོག་འགན་ནུས་དོན་འཁྱོལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སོགས་ཕྱོགས་སོ་སོར་ལྟ་སྐུལ་ཞིབ་བཤེར་བྱས། མང་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། དབུལ་སྐྱོར་གྱི་སྲིད་ཇུས་དངོས་འབེབ་བྱེད་ཚད་ཆེ་རུ་གཏོང་པ་དང་། དབུལ་སྐྱོར་མ་དངུལ་སྟེར་བ། དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་སྤྱི་བསྒྲགས་བྱེད་པ། རང་འགུལ་སྒོས་སྤྱི་ཚོགས་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱས་ཏེ། དབུལ་སྐྱོར་གྱི་བྱ་བ་དེར་མང་ཚོགས་ཀྱི་ལྟ་སྐུལ་དང་ལས་བྱེད་ཀྱི་དངོས་འབེབ་ཁྲོད་ཕན་འབྲས་ཆེན་པོ་རེག་ཏུ་བཅུག