མཚོ་ནུབ་ཁུལ་གྱིས་འོད་ཤུགས་གློག་འདོན་སྣེ་ཁྲིད་བཀོལ་སྤྱོད་དཔེ་སྟོན་རྟེན་གཞི་དྲ་སྦྲེལ་མཛད་སྒོའི་གྲ་སྒྲིག་ཚོགས་འདུ་བསྡུས།
2018.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 68

ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན།  མཚོ་ནུབ་ཁུལ་གྱིས་འོད་ཤུགས་གློག་འདོན་སྣེ་ཁྲིད་བཀོལ་སྤྱོད་དཔེ་སྟོན་རྟེན་གཞི་དྲ་སྦྲེལ་མཛད་སྒོའི་གྲ་སྒྲིག་ཚོགས་འདུ་འཚོགས།

ཚོགས་འདུ་ལས་འོད་ཤུགས་གློག་འདོན་དཔེ་སྟོན་རྟེན་གཞིའི་རྣམ་གྲངས་སྐུལ་འདེད་ཀྱི་གནས་ཚུལ་དང་དྲ་སྦྲེལ་གྱི་དུས་མགོའི་གྲ་སྒྲིག་གནས་ཚུལ་སྙན་ཞུ་ཞུས་པ་དང་།  འོད་ཤུགས་གློག་འདོན་དཔེ་སྟོན་རྟེན་གཞི་དྲ་སྦྲེལ་གྱི་གྲ་སྒྲིག་བྱ་བར་གྲོས་སྡུར་བྱས་ནས་། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གཏེར་ལེན་ཁ་དང་ན་གོར་མོ་ནས་འོད་ཤུགས་གློག་འདོན་རྟེན་གཞི་དྲ་སྦྲེལ་གློག་འདོན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུ་རྒྱུའི་ཐག་བཅད་པ་རེད།

ཚོགས་འདུ་ལས་བསྟན་དོན།  གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་འོད་ཤུགས་གློག་འདོན་དཔེ་སྟོན་རྟེན་གཞི་ནི་རྒྱལ་ཁབ་ཀྱི་ཁག་གསུམ་པའི་འོད་ཤུགས་གློག་འདོན་སྣེ་ཁྲིད་འཆར་གཞིའི་ཁོངས་སུ་གཏོགས་པ་དང་།  དེ་ནི་མཚོ་ནུབ་ཁུལ་གྱིས་འགྱུར་ལྡོག་བཞིར་སྐུལ་འདེད་དོན་འཁྱོལ་དང་ལྔ་བཞིའི་འཐབ་ཇུས་ལག་བསྟར།  རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་བྱེད་ཐབས་གལ་ཆེན་དངོས་འབེབས་བྱེད་རྒྱུ་དེ་ཡིན་པ་དང་།   ནུས་ཁུངས་ཐོན་ལས་གསར་སྤེལ་དང་རྒྱལ་ཁབ་རིམ་པའི་དཔེ་སྟོན་གནས་གཞི་དང་ནུས་ཁུངས་གསར་བའི་གཞི་རིམ་འཛུགས་སྐྲུན་ལ་སྐུལ་བའི་གཙོ་གནད་གལ་ཆེན་ཡིན་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། བཀོད་སྒྲིག་ནན་ཏན་བྱེད་དགོས་པར་མ་ཟད།  བྱ་བ་སོ་སོའི་དཔེ་གཞི་དང་གྲ་སྒྲིག་དཔེ་གཞི་ལེགས་བསྒྱུར་དང་ཞིབ་ཚགས་སུ་བཅོས་ནས་ཚད་གཞི་དང་སྤུས་ཚད་མཐོན་པོས་གྲ་སྒྲིག་བྱ་བ་གང་ལེགས་སྒྲུབ་ནས།  འོད་ཤུགས་གློག་འདོན་སྣེ་ཁྲིད་བཀོལ་སྤྱོད་ཀྱི་དཔེ་སྟོན་རྟེན་གཞི་དྲ་སྦྲེལ་གློག་འདོན་གྱི་གསར་འགྱུར་ཁྱབ་སྒྲོག་མཛད་སྒོ་བདེ་ལེགས་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།