གོམ་གང་མདུན་སྤོས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་བསྒྲགས་དང་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུད་འདེད། ལྔ་བཞི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་དང་ཤུགས་ཆེན་པོས་ཕྱོགས་སོ་སོའི་ལུས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་སྣེ་ཁྲིད་བྱེད་ཆེད། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། པད་མ་རྫོང་དྲིལ་བསྒྲགས་པུའུ་ཡིས་མགོ་ལོག་ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་སུན་ཅན་གོ་དང་ཡུས་ཏི་ཅིན་གཉིས་གདན་དྲངས་ཏེ་རྫོང་ཡོངས་ཀྱི་ཁོ་རིམ་པ་ཡན་གྱི་ལས་བྱེད་པར་ཆེད་དོན་སློབ་ཁྲིད་བྱེད་དུ་བཅུག
སློབ་ཁྲིད་ཀྱི་སྟེང་དུ་སུན་ཅན་གོ་དང་ཡུས་ཏི་ཅིན་གཉིས་ཀྱིས་ཕྱོགས་ཡོངས་ནས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དང་ཚོགས་ཆེན་བཅུ་དགུ་བ། ཀྲུང་གོ་ཀུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སོགས་ལ་གཏིང་ཟབ་པའི་སྒོ་ནས་བསེལ་འགྲེལ་བྱས་ཏེ་རྫོངས་ཡོངས་ཀྱི་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བ་སོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་ཟེར།
པད་མ་རྫོང་ཨུ་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཀྲང་ཏིན་ཧེ་ཕིང་གིས་སློབ་ཁྲིད་ལ་ཉན་ཚར་རྗེས་བཤད་རྒྱུར། ཐེངས་འདིའི་དགེ་རྒན་རྣམ་གཉིས་ཀྱིས་ཆེད་དོན་སློབ་ཁྲིད་ནི་གཞུང་ལུགས་དང་ལག་ལེན་གྱི་རང་བཞིན་གཏིབ་ཟབ་ཅིང་སློབ་ཁྲིད་བྱས་པ་གསོན་ཉམས་ལྡན་པས་མགོ་མཇུག་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ་ང་ཚོས་ཐེངས་འདིའི་ཆེད་དོན་སློབ་ཁྲིད་ནི་གོ་སྐབས་ལེགས་པོ་ཞིག་ཏུ་བརྩིས་ཏེ་སློབ་སྦྱོང་གི་འཆར་གཞི་བཟོས་ཏེ་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སོགས་མཛུབ་སྟོན་དུ་བཟུང་ནས་ཕྱོགས་སོ་སོའི་བྱ་བའི་ཁྲོད་དུ་གྲུབ་འབྲས་ཕུན་སུམ་ཚོགས་པ་ལེན་རྒྱུ་ཟེར།
རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཝུའུ་ཡིས་བཤད་རྒྱུར། ཏང་ཨུའི་དགེ་རྒན་རྣམ་གཉིས་ཀྱི་སློབ་ཁྲིད་ཀྱིས་མ་འོངས་པའི་ཧུར་བརྩོན་གྱི་ཁ་ཕྱོགས་ཇེ་གསལ་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་ཚོར་བ་ངམ་ངུམ་ཤུགས་ཀྱིས་བྱིན་ཡོང་ཟེར།
པད་མ་རྫོང་གི་ཁོ་གཞོན་པ་ཡན་གྱི་མགོ་ཁྲིད་དང་ཞིང་ཆེན་དང་ཁུལ་རིམ་པའི་རྫོང་སྡོད་ལུས་ཁུངས་ཀྱི་འགན་ཁུར་བ་སོགས་ཁྱོན་སྡོམ་མི160ལྷག་སློབ་སྦྱོང་ལ་ཞུགས།