ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བར་དུ། མཚོ་སྔོན་གློག་དྲས་ད་ལོའི་ཟླ་དྲུག་པའི་ནང་ནས་བཟུང་བསྟུད་མར་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་སྟོང་ཧྥུའུ་བཅུ་དང་དེའི་མན་གྱི་གློག་བགོད་དྲ་བར་བསྒྱུར་བཀོད་དང་རིམ་སྤོར་བྱེད་པའི་བཟོ་སྐྲུན་ལྔ་བརྒྱ་དང་རེ་དྲུག་པོ་ཡོངས་རྫོགས་ལེགས་འགྲུབ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བཞི་ལྷག་དང་རོང་འབྲོག་མང་ཚོགས་འབུམ་གསུམ་ལྷག་ལ་ཕན་བཏགས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གློག་དྲས་ད་ལོར་ལག་བསྟར་བྱས་པའི་གློག་བགོད་དྲ་བར་བསྒྱུར་བཀོད་དང་རིམ་སྤོར་བྱེད་པའི་བཟོ་སྐྲུན་ལྔ་བརྒྱ་དང་རེ་དྲུག་ཁྲོད་ཀྱི་བརྒྱ་དང་དགུ་བཅུ་ནི་རྒྱལ་ཁབ་ཀྱི་ལྗོངས་གསུམ་དང་ཁུལ་གཉིས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཆེད་དོན་དབུལ་སྐྱོར་ལས་གཞི་ཡིན་པ་དང་། དེ་པད་མ་རྫོང་དང་དཔའ་ལུང་རྫོང་སོགས་དབུལ་ཕོངས་རྫོང་བཅོ་ལྔ་དང་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་རེ་བཞི་རུ་ཁེབས་ཡོད། བཟོ་སྐྲུན་ལས་གཞི་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱས་པ་དེས། ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བ་དང་། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཁྱིམ་ཚང་ཁྲི་གསུམ་སྟོང་གཅིག་དང་དབུལ་ཕོངས་མང་ཚོགས་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་གིས་གློག་བཀོལ་ཐུབ་པ་ནས་གློག་བཟང་བོར་བཀོལ་ཐུབ་པར་བྱས།