རྒྱ་ཆེའི་ན་གཞོན་རྣམས་ཀྱི་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་མིག་དཔེ་ནུས་པ་སྔར་ལས་འདོན་སྤེལ་བྱེད་ཆེད། ཉེ་སྔོན་པེ་ཅིན་ན་གཞོན་ཆབ་སྲིད་སློབ་གླིང་སོགས་ཀྱི་རྒྱབ་སྐྱོར་འོག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་ན་གཞོན་རྩ་འཛུགས་བྱས་ཏེ་པེ་ཅིན་དུ་སོང་ནས་སློབ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ།
ཐེངས་འདིའི་སློབ་སྦྱོང་བརྗེ་རེས་བྱ་འགུལ་དེར་ལས་སྐྲུན་གྱོད་དཔེ་མཉམ་སྤྱོད་དང་ཤེས་བྱའི་བདག་དབང་སོགས་ཀྱི་ནང་དོན་ཡོད། སློབ་སྦྱོང་བརྗེ་རེས་སྐབས་སུ། ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ཆེད་དོན་འཆད་ཁྲིད་བྱས་པ་དང་། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་པེ་ཅིན་ཞིབ་འཇུག་ཁང་སོགས་སུ་ལྟ་སྐོར་བྱས་ཏེ་སློབ་ཁྲིད་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་། འདི་ལྟ་བུའི་འཆད་ཁྲིད་དང་ཡུལ་དངོས་ལྟ་སྦྱོང་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་ཐབས་ཀྱིས་གསོ་སྦྱོང་ལ་ཞུགས་པའི་རྒྱ་ཆེའི་ན་གཞོན་རྣམས་ཀྱི་མིག་རྒྱ་དང་མཐོང་རྒྱ་བསྐྱེད་པ་དང་། ཉམས་མྱོང་བཟང་བོ་གསོག་ཉར་བྱས།
སློབ་སྦྱོང་བྱ་འགུལ་མཛུག་བསྒྲིལ་རྗེས། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་གི་གྲུབ་འབྲས་དང་རྗེས་ཕྱོགས་ཀྱི་ལས་སྐྲུན་ལག་ལེན་ཟུང་འབྲེལ་བྱས་ཏེ་ཡུལ་ཤུལ་ཁུལ་ཡོངས་ཀྱི་མི་རིགས་ཁྱད་ལྡན་ཐོན་རྫས་དང་། ཕ་ཡུལ་གྱི་ཐོན་ཁུངས་རྒྱལ་ཡོངས་སུ་བསྐྱོད་པར་སྐུལ་འདེད་བཏང་སྟེ་ཕ་ཡུལ་གྱི་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།