མཚོ་ནུབ་ཁུལ་གྱིས་ཚན་རྩལ་གྱིས་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་བསྡུས།
2019.01.02 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

2018ལོའི་ཟླ12བའི་ཚེས28ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཚན་རིག་གིས་ཐོན་སྐྱེད་ནུས་ཤུགས་ལ་སྐུད་འདེད་གཏོང་བའི་གྲོས་ཚོགས་མཚོ་ནུབ་ཁུལ་གྱི་གྲོས་ཚོགས་ཁང་ནས་ཚོགས།

གྲོས་ཚོགས་སུ་ཆིན་ཧྭ་སློབ་ཆེན་དང་ཧར་པེན་བཟོ་ལས་སློབ་གྲྭ་སོགས་ཀྱི་ཆེད་མཁས་པ་བརྒྱ་ལྷག་གདན་འདྲེན་ཞུས་ཤིང་ཁུལ་ནང་ཁུལ་གྱི་ཁེ་ལས་བརྒྱ་དང་བཞི་ཡི་ཁེ་ལས་པ་སུམ་བརྒྱ་ལྷག་ཡུལ་དངོས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱི་སྐབས་སུ་ཚྭ་མཚོའི་ཐོན་ཁུངས་དང་རྒྱུ་ཆ་གསར་བ། སྒྲིག་ཆས་གསར་བཟོ་སོགས་ཀྱི་ཁྱབ་ཁོངས་ནས་ཆེད་མཁས་པ་བཅུ་གསུམ་ལྷག་གིས་རིག་གཞུང་སྙན་ཞུ་ཕུལ། མཚོ་ནུབ་ཁུལ་སྲིད་གཞུང་གིས་མཚོ་སྔོན་སློབ་ཆེན་སོགས་ལ་མཉམ་འབྲེལ་འཐབ་ཇུས་ཀྱི་གྲོས་མཐུན་བཀོད།