ཉིས་སྟོང་བཅོ་བརྒྱད་ལོར། ཏུའུ་ལན་རྫོང་གིས་ཆུ་བེད་འཛུགས་སྐྲུན་དང་བཅོས་སྒྱུར། དོ་དམ་བཅས་དང་། གནོད་འགོག་གནོད་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་སོགས་བྱ་བ་སོ་སོར་གཅིག་གྱུར་སྒོས་སྐུལ་འདེད་བཏང་བ་དང་། ཆུ་ལོག་སྔོན་འགོག་དང་ཆུ་འདོན་བདེ་འཇགས། ཆུའི་སྐྱེ་ཁམས་བདེ་འཇགས་བཅས་ལ་འགན་སྲུང་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཆུ་བེད་ཀྱི་འདེགས་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས།
ཉིས་སྟོང་བཅོ་བརྒྱད་ལོར། ཏུའུ་ལན་རྫོང་ཆུ་བེད་སྡེ་ཁག་གིས་དམངས་ཚིས་བཟོ་སྐྲུན་བཅུ་ལག་བསྟར་དང་ཡོངས་གྲུབ་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་དྲུག་ལྷག་བཏང་། དེའི་ཁྲོད། ནུས་ཡོད་སྒོས་ཆུ་གྲོན་ཆུང་བྱེད་པའི་ལས་གཞི་དྲུག་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་བཞི་ཁྲི་བཞི་ལྷག་བཏང་ལ། རོང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུའི་བཟོ་སྐྲུན་བཞི་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གཅིག་ཁྲི་གཉིས་ལྷག་བཏང་།