མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྫོང་ཡོངས་ཀྱི་མང་ཚོགས་རིག་གནས་བྱ་འགུལ་སྤུས་ཚད་མཐོར་འདེགས་གཏོང་ཆེད། ཉེ་ལམ། ཐེམ་ཆེན་རྫོང་རིག་གནས་ཁང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་དགུན་དུས་ཀྱི་མི་རིགས་ཞབས་བྲོ་དང་གླུ་དབྱངས་ཀྱི་རིན་མེད་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་བདུན་ཡིན་པ་དང་། རྫོང་ཡོངས་ཀྱི་གཞིས་ཁུལ་དང་མཐུན་ཚོགས་སོགས་ཀྱི་རིག་རྩལ་ལ་དགའ་བའི་མི་བཞི་བཅུ་ལྷག་གསོ་སྦྱོང་ལ་ཞུགས་ཡོད། ཐེངས་འདིའི་གསོ་སྦྱོང་གིས་ཆེད་ལས་སྒྱུ་རྩལ་གསོ་སྦྱོང་གི་རྣམ་པ་བརྒྱུད་དེ་ཐེམ་ཆེན་རྫོང་ལ་རིག་རྩལ་རྐང་འཛིན་མི་སྣ་གསར་བ་སྐོར་ཞིག་གསོ་སྐྱོང་བྱས་ཏེ་མང་ཚོགས་ཀྱི་རིག་རྩལ་དང་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་།