ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡི་ཉེས་དོན་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་རྫོང་མཁར་གྱི་སློབ་གྲྭ་དང་རྫོང་སློབ་འབྲིང་དང་པོ། རྫོང་མི་རིགས་སློབ་འབྲིང་སོགས་སུ་སོང་སྟེ་དྲ་ལམ་གྱི་རྣམ་པ་གསར་བའི་མགོ་གཡོག་མགོ་སྐོར་ལ་དོགས་ཟོན་བྱེད་པའི་འདུ་ཤེས་ཇེ་བརྟན་ལ་གཏོང་བའི་དྲིལ་སྒྲོག་བྱ་འགུལ་སྤེལ།
མི་དམངས་ཉེན་རྟོག་པས་མགོ་གཡོག་མགོ་སྐོར་ལ་དོགས་ཟོན་བྱེད་པའི་ཤེས་བྱ་སྒྲོག་དེབ་བྱིན་ཏེ་ཡུལ་དངོས་ནས་དྲི་བ་དྲིས་ལན་གྱི་རྣམ་པ་བརྒྱུད་ནས་ཚོད་ལྟ་བྱས་པ་དང་ལོ་རིམ་མི་འདྲ་བ་དང་འཛིན་གྲྭ་མི་འདྲ་བའི་སློབ་མ་ཡོངས་ལ་རྒྱུན་མཐོང་གི་དྲ་ལམ་གྱི་མགོ་གཡོགས་མགོ་སྐོར་གྱི་རྣམ་པ་དང་བྱེད་ཐབས་སོགས་གསལ་བཤད་བྱས་པ་དང་དུས་མཉམ་དུ་སློབ་མ་རྣམ་པས་རང་གིས་བསླབ་ཟིན་པའི་ཤེས་བྱ་སོགས་ཁྱིམ་མི་ལ་བཤད་དེ་མགོ་གཡོག་མགོ་སྐོར་གྱི་དོན་དག་མི་འབྱུང་བར་ཁག་ཐེག་བྱས།
ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ལས་སློབ་མ་དང་ཁྱིམ་བདག་གིས་དྲ་ལམ་གྱི་རྣམ་པ་གསར་བའི་མགོ་གཡོག་མགོ་སྐོར་ལ་དོག་ཟོན་བྱེད་པའི་འདུ་ཤེས་ཇེ་བརྟན་དང་ཐུན་ཏེ་རྫོང་གི་དཔལ་འབྱོར་སྒྲིག་ལམ་དང་མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་ཐད་ལ་རྨང་གཞི་བརྟན་པོ་བཏིངས།