ཐོན་ཁུངས་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱེད་པར་ཁག་ཐེག་བྱེད་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་ཟུང་འབྲེལ་བྱས་པ་དང་། ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་སྡེབ་སྒྲིག་ལ་ཤུགས་སྣོན་བྱས་ནས་གནད་ཕིགས་དབུལ་སྐྱོར་ལ་རོགས་འདེགས་ནུས་ཡོད་སྐྲུན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས།
ཐུན་རིན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་བསམ་ཕྱོགས་དང་དམིགས་འབེན་གཅིག་གྱུར་ལག་བསྟར་བྱས་ནས། ཉིས་སྟོང་བཅོ་བརྒྱད་ལོར་རིགས་སོ་སོའི་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་བྱེད་པར་བསྡོམས་པས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་དྲུག་བཏང་ནས་ཞིང་འབྲེལ་མ་དངུལ་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱས།
མིག་སྔར། ཐུན་རིན་རྫོང་གི་དབུལ་ཕོངས་སྡེ་བ་ཉེར་དགུ་ལས་སྡེ་བ་ཉེར་གཉིས་དབུལ་ཐར་བྱས་ཡོད་པ་དང་། གྲོང་བརྡལ་འཛུགས་སྐྲུན་གྱི་ཁ་ཕྱོགས་བདུན་གྱི་མ་དངུལ་སྡེབ་སྒྲིག་གི་བྱ་བར་ཡོངས་ཁེབས་རང་བཞིན་མངོན་འགྱུར་བྱུང་ཡོད་པ་རེད།