ཟླ་དང་པོའི་ཚེས་གསུམ་ཉིན། གསར་འགོད་པས་ངན་སེལ་ནག་འཇོམས་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་ཆ་འཕྲིན་སྟེགས་བུ་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་ངན་སེལ་ནག་འཇོམས་གཞུང་སྒྲུབ་ཁང་བར་ཆ་འཕྲིན་དོ་དམ་དང་མཉམ་སྤྱོད། གྱོད་གཞིར་རྗེས་འདེད། མང་ཚོགས་ཀྱི་ཚུར་སྣང་དུས་ཐོག་ཏུ་རྒྱུས་ལོན་བྱེད་ཐུབ་པར་བྱས། སྟེགས་བུ་བཙུགས་པ་དང་འཁོར་སྐྱོད་བྱས་པ་ནི་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཡོངས་ཀྱི་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་རྒྱུན་མཐུད་ངང་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་ལྔར་ནུས་ཡོད་སྒོས་སྐུལ་འདེད་གཏོང་བ་དང་། ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ངན་སེལ་ནག་འཇོམས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་ངན་སེལ་ནག་འཇོམས་ཆེད་དམིགས་འཐབ་རྩོད་ཆ་འཕྲིན་སྟེགས་བུའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། འབྲེལ་ཡོད་ཆེད་མཁས་པས་གཞི་རྩའི་ཆ་འཕྲིན་དང་ཐེར་འདོན་མི་སྣའི་ཆ་འཕྲིན་འཚོལ་ཞིབ་བྱེད་པ་སོགས་ཀྱི་ནང་དོན་ཐད་ནས་འགྲེལ་བཤད་བྱས་པ་དང་། གསོ་སྦྱོང་ལ་ཞུགས་མཁན་དག་གིས་ཡུལ་དངོས་ནས་བཀོལ་སྤྱོད་གོ་རིམ་དང་འཚོལ་ཞིབ་ཐོ་འགོད་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ངན་སེལ་ནག་འཇོམས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་བྱས།