ན་གོར་མོ་གྲོང་ཁྱེར་གྱིས་དཀའ་ཁག་ལྡན་པའི་མང་ཚོགས་ལ་སྒོར་འབུམ་བདུན་དང་ཁྲི་དྲུག་ལྷག་གི་ཁ་གསབ་ཕུལ།
2019.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ན་གོར་མོ་གྲོང་ཁྱེར་གྱིས་དཀའ་ཁག་ཆེ་བའི་མང་ཚོགས་ལ་སྒོར་འབུམ་བདུན་དང་ཁྲི་དྲུག་ལྷག་གི་ཁ་གསབ་ཕུལ།

ཉེ་ལམ་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་དུས་ཆེན་གཉིས་ཀྱི་རིང་ལ་ཁ་གསབ་སྒོར་འབུམ་བདུན་དང་ཁྲི་དྲུག་ལྷག་བྱིན་ནས་ཏང་དང་སྲིད་གཞུང་གི་བརྩེ་སེམས་མང་ཚོགས་ལ་ཕུལ།

ཐེངས་འདིའི་ཁ་གསབ་སྟེར་སའི་ཁྱབ་ཁོངས་ནི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཧ་ཅང་དབུལ་བོ་ཡིན་པའི་ཁྱིམ་ཚང་གཙོ་གནད་རོགས་སྐྱོར་བྱེད་པའི་ཁྱིམ་ཚང་། རྒྱལ་ཁབ་མ་བཙུགས་པའི་སྔོན་གྱི་ཏང་ཡོན་རྒན་པ་སོགས་ཡིན་ལ། དེའི་ནང་དུ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཀྱི་མི་རེ་ལ་སྒོར་ལྔ་བརྒྱ་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་གཙོ་གནད་རོགས་སྐྱོར་བྱེད་པའི་མི་རེ་ལ་སྒོར་བཞི་བརྒྱ་རེ་བྱིན་པ་དང་ཁྱོན་སྡོམས་མི་གྲངས་སྟོང་གཅིག་དྲུག་བརྒྱ་རེ་དྲུག་ལ་ཁ་གསབ་རོགས་དངུལ་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་ཐེངས་ནི་ན་གོར་མོ་གྲོང་ཁྱེར་གྱིས་བསྟུད་མུར་ལོ་བརྒྱད་ལ་དཀའ་ཁག་ཡོད་པའི་མང་ཚོགས་ལ་དུས་ཆེན་གཉིས་ཀྱི་སྐབས་སུ་བྱིན་པའི་ཁ་གསབ་རོགས་དངུལ་ཡིན།