མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་བཟང་བོའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།
2019.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   མཚོ་སྔོན་ཞིང་ཆེན་གྱིས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་ལས་ཞུགས་ལ་སྐུལ་སྤེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ་སྟེ།   ལས་ཞུགས་སྔོན་དུ་འགྲོ་བའི་འཐབ་ཇུས་དང་སྔར་ལས་བཟང་བོའི་ལས་ཞུགས་སྲིད་ཇུས་རྒྱུན་འཁྱོངས་དང་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རྣམ་པ་རྒྱུན་མཐུན་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་རྒྱུ་རེད།

གཅིག་ནས་ཁེ་ལས་གཏན་འཇགས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་རྒྱུ་རེད།   གཉིས་ནས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་ལྕག་གཏོང་རྒྱུ་རེད།  གསུམ་ནས་གསོ་སྦྱོང་བྱ་བར་ཤུགས་སྣོན་རྒྱུ་རེད།  བཞི་ནས་ལས་ཤོར་མི་སྣར་རོགས་སྐྱོར་བྱེད་པའི་བྱ་བ་དུས་ཐོག་ཏུ་སྤེལ་རྒྱུ་རེད།