མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན།
2019.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

འཕྲོད་བསྟེན་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བདེ་ཐང་དབུལ་སྐྱོར་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད།  མཚོ་སྔོན་ཞིང་ཆེན་གྱིས་མི་འདང་སར་ཁ་གསབ་བྱེད་པའི་རྩ་དོན་ལྟར།  གསར་འཛུགས་དང་བསྐྱར་འཛུགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས།  སྡེ་ཁག་གི་འགན་འཁྲི་ལག་བསྟར་བཟང་བོ་བྱས་པ་དང་།  བདེ་ཐང་དབུལ་སྐྱོར་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་བདེ་ཐང་འགན་སྲུང་བཟོ་སྐྲུན་ལས་གཞིའི་ཡིག་མཛོད་སྒྲིག་བཟོ་བྱས།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་བར། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་བཏང་སྟེ།  རྫོང་རིམ་པའི་སྨན་ཁང་སོ་གཉིས་དང་།  བུད་མེད་དང་བྱིས་པའི་བདེ་སྲུང་ཁང་བཅུ་དགུ།  ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཉེར་བདུན་སོགས་ཀྱི་འཛུགས་སྐྲུན་ཐད་བཀོལ་བ་རེད།  ལས་གཞིའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས།   མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་།  སྨན་བཅོས་འཕྲོད་བསྟེན་རྨང་གཞི་སྲ་བརྟན་དུ་གཏོང་བ།   སྨན་བཅོས་སྡེ་ཁག་གི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་པ་དང་། བདེ་ཐང་དབུལ་སྐྱོར་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་ཐུབ།