མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་གསང་སྤྱོད་གསར་བརྗེའི་ལས་འགན་ལྷག་འགྲུབ་བྱས་ཡོད།
2019.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ།   མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གསང་སྤྱོད་གསར་བརྗེ་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ།  གསང་སྤྱོད་གྱི་ཚད་གཞི་དམའ་བ་དང་ཁ་གྲངས་ཉུང་བ།  གཙང་སྦྲ་མི་བཟང་བ།   དོ་དམ་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་།    ལོ་གཅིག་གི་གསང་སྤྱོད་འཛུགས་སྐྲུན་གྱི་དམིགས་འབེན་ལྷག་འགྲུབ་བྱས།

འགོ་ཁྲིད་ལས་འགན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།  དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱེད་ཆེད།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགོ་ཁྲིད་གཙོ་བོ་ཚན་གཙོ་ཡིན་པའི་གསང་སྤྱོད་གསར་བརྗེའི་འགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ཏེ་འབྲེལ་ཡོད་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་།    ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་གཏན་ཁེལ་བྱས་ཏེ་ལས་རིམ་སོ་སོར་བརྟན་འཇགས་སྒོས་སྐུལ་འདེད་བཏང་།   ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་གསང་སྤྱོད་གསར་བརྗེའི་བྱ་བ་དེ་དམིགས་འབེན་ལས་འགན་གཙོ་བར་བརྩིས་ཏེ་ཇུས་གཞི་གཏན་ཁེལ་བྱས་པ་དང་།  སྣེ་ཁྲིད་སྡེ་ཁག་དང་འགན་འཁྲིའི་སྡེ་ཁག་གཏན་ཁེལ་གསལ་བོ་བྱས་ལ།   ལོ་གཅིག་གི་འཛུགས་སྐྲུན་ལས་འགན་དེ་རྫོང་སོ་སོ་དང་ལམ་རྒྱུད་ཀྱི་ཞབས་ཞུའི་ཁུལ་སོ་སོར་ལས་བགོས་བྱས།  ཟི་ལིང་གྲོང་ཁྱེར་གྱིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ནས་གསང་སྤྱོད་འཛུགས་སྐྲུན་ཆ་འཕྲིན་གསར་སྒྱུར་བྱས་ཏེ་གསང་སྤྱོད་གསར་བརྗེའི་ཕན་ནུས་མཐོར་འདེགས་འགྲོ་བར་འགན་སྲུང་བྱས།   མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་གྲབས་གསོག་བྱ་བར་ཤུགས་བསྣན་ནས་རྫོང་དང་ཆུའུ་སོ་སོའི་མ་དངུལ་གཅིག་བསྡུས་ཀྱིས་བཀོལ་སྤྱོད་བྱས་ཏེ་ལས་གཞིའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།