ཉིས་སྟོང་ཉི་ཤུ་ལོར་མཚོ་སྔོན་ཞིང་ཆེན་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་ཁོངས་གལ་ཆེན་ནས་ཉ་གཏན་ནས་འཛིན་མི་ཆོག་པར་བྱེད་རྒྱུ་རེད།
2019.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ཉེ་ལམ།  ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འགྲེམ་སྤེལ་བྱས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འབྲི་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུར་སྐྱེས་སྐྱེ་དངོས་སྲུང་སྐྱོབ་བྱ་བ་ལག་བསྟར་པར་ཤུགས་སྣོན་པའི་བསམ་འཆར་བཏོན་ནས།  ཉིས་སྟོང་ཉི་ཤུ་ལོར་ཐོན་པ་ན་མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་རྒྱལ་ཁབ་རིམ་པའི་ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོབ་ཁུལ་སོགས་ཆུ་ཁོངས་གལ་ཆེན་ནས་ཉ་གཏན་ནས་འཛིན་མི་ཆོག་པར་བྱས་ཏེ། སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བཏང་ནས་སྲུང་སྐྱོབ་བྱེད་ནུས་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དང་།  གལ་ཆེའི་འཚོ་གནས་ཁུལ་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པ།  ས་ཁུལ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དང་ཆུར་སྐྱེས་སྐྱེ་དངོས་ཐོན་ཁོངས་སླར་གསོ་རང་བཞིན་གྱི་འཕར་སྣོན་འབྱུང་བར་བྱེད་རྒྱུ་རེད།

ལག་བསྟར་བསམ་འཆར་བཏོན་པ་དེས།  སྔོན་ལ་སྲུང་སྐྱོབ་བྱེད་པ་དངོས་འབེབས་བྱས་ནས་སྐྱེ་ཁམས་ཉམས་གསོ་བྱེད་པ་ཤུགས་དྲག་ཏུ་གཏོང་བ་དང་།  ཁྱོན་ཡོངས་ཀྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ནས་མ་ལག་སྲུང་སྐྱོབ་ཉམས་གསོ་བྱེད་པ་གཞི་རྩའི་རྩ་དོན་ལ་འཛིན་པ་བཅས་བྱས།  ལས་འགན་གཙོ་བོ་ནི་ཉ་ལས་ཆུ་ཁོངས་སྐྱེ་ཁམས་ཉམས་གསོའི་བྱ་བ་སྤེལ་བ་དང་།  འཇིག་ཉེའི་དངོས་རིགས་སྲུང་སྐྱོབ་བྱ་འགུལ་སྤེལ་ནས་ཆུ་ཁུངས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་པ།  སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་རེད།  ཉིས་སྟོང་སོ་ལྔ་ལོར་ཐོན་པ་ན།  མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་བ་དང།  ཆུར་སྐྱེས་སྐྱེ་དངོས་འཚོ་གནས་ཁུལ་སོགས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་ཐོབ་སྟེ་ཆུར་སྐྱེས་སྐྱེ་དངོས་ཐོན་ཁུངས་མངོན་གསལ་གྱིས་འཕར་སྣོན་འབྱུང་བ།  ཆུ་ཁུངས་སྐྱེ་ཁམས་བྱེད་ནུས་སླར་གསོ་འབྱུང་བ་བཅས་བྱེད་རྒྱུ་རེད།