མཚོ་ལྷོ་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལ་ཤུགས་བསྣན།
2019.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

མཚོ་ལྷོ་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལ་ཤུགས་བསྣན།

ལོ་ངོ་སོ་ལྔའི་རིང་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་དང་བསམ་གཞིགས་བྱེད་ཐབས་གསར་བ། ཚན་རིག་སློབ་སྦྱོང་གི་ཐབས་ལམ་རྒྱ་བསྐྱེད་པ་སོགས་ལ་ཤུགས་བསྣན་དེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འཛུགས་བསྐྲུན་ཇེ་ལེགས་སུ་བཏང་།

བྱ་བའི་ཁྲོད་དུ་མཚོ་ལྷོ་ཁུལ་གྱིས་ཚན་རིག་ཁྱབ་སྤེལ་གྱི་ཆ་འཕྲིན་ཅན་འཛུགས་བསྐྲུན་དང་རྫོང་སོ་སོའི་སྲིད་གཞུང་ཞབས་ཞུ་ལྟེ་གནས་དང་སློབ་གྲྭ་གཞིས་ཁུལ་སོགས་སུ་སྨྱན་སྦྱར་ཚན་རིག་ཁྱབ་སྤེལ་གྱི་དེབ་གཟིགས་བརྙན་ཡོལ་ཉེར་བརྒྱད་བཙུགས་པ་དང་ཅང་སུའུ་ཚན་རིག་ཁྱབ་བརྡལ་སོགས་ཆ་འཕྲིན་ཞབས་ཞུའི་མ་ལག་བཙུགས་ཏེ་མི་དམངས་ཀྱིས་ཚན་རིག་ཤེས་བྱ་རྒྱུས་ལོན་བྱེད་པར་ཕྱོགས་ཡོངས་ནས་སྟབས་བདེ་བསྐྲུན། སྔ་གཞུག་ཏུ་སྒོར་འབུམ་དགུ་དང་ཁྲི་དྲུག་ལྷག་བཏང་སྟེ་ཞིང་སྡེའི་ཚན་རིག་ཁྱབ་སྤེལ་གྱི་ཞབས་ཞུའི་ས་ཚུགས་བཅུ་བདུན་དང་འཛུགས་སྐྲུན་དང་རིགས་སོ་སོའི་རྟེན་གཞི་གསོ་སྐྱོང་དང་མཐུན་ཚོགས་སོགས་ལ་རྒྱབ་སྐྱོར་བྱས་ཏེ་ཁྱོན་སྡོམས་རེ་དགུ་ཡོད་པ་དང་ཚན་རིག་ཁྱབ་སྤེལ་དཔེ་སྟོན་སྣེ་ཁྲིད་རིང་བཞིན་མངོན་གསལ་གྱིས་ཇེ་བཟང་ལ་སོང་།

ན་གཞོན་རྣམས་ཀྱི་ཚན་རིག་བྱང་ཚད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་ཆེད་་ཞིང་ཆེན་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་ཚན་རིག་གསར་གཏོད་འགྲན་སྡུར་ལ་ཞུགས་ཤིང་མིག་སྔར་བརྩམས་ཆོས་གསུམ་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་དང་ཉེར་གསུམ་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་སྟེ་ན་གཞོན་རྣམས་ཀྱི་ཚན་རིག་གསར་གཏོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་།

ཞིང་བར་ཕན་པ་དང་གྲུབ་འབྲས་མངོན་གསལ་ལེན་ཆེད་མཚོ་ལྷོ་ཁུལ་གྱིས་ལས་གཞི་བརྩོན་ལེན་བྱེད་པ་རྒྱ་ཆེར་བཏང་སྟེ་སྔ་གཞུག་ཏུ་ཀྲུང་གོ་ཚན་རིག་མཐུན་ཚོགས་དང་ནོར་སྲིད་པུའུ་ཡི་གཞི་རིམ་ཚན་རིག་ཁྱབ་སྤེལ་ལས་གཞི་སོགས་ལག་སོན་བྱུང་བ་དང་གཞན་ད་དུང་སྤྱི་ཚོགས་སྤྱི་ཕན་ལས་གཞིའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དྲུག་ལྷག་ལག་སོན་བྱུང་།