མཚོ་ནུབ་ཁུལ་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་གི་ཁུལ་ཡོངས་ཀྱི་དམིགས་ཚད་འགན་འཁྲིའི་ལས་དཔྱད་བཀོད་སྒྲིག་ཚོགས་འདུ་ཚོགས།
2019.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། མཚོ་ནུབ་ཁུལ་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་གི་དམིགས་ཚད་འགན་འཁྲིའི་ལས་དཔྱད་བཀོད་སྒྲིག་ཚོགས་འདུ་གཏེར་ལེན་ཁ་ནས་ཚོགས་།  ཁུལ་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཀྲང་།  ཁུལ་དམིགས་ཚད་འགན་འཁྲིའི་ལས་དཔྱད་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་རྡོ་རྗེ་ཚོགས་འདུར་ཞུགས་ནས་གཏམ་བཤད།  ཁུལ་ཨུའི་རྒྱུན་ལས་ཨུ་ཡོན།  ཁུལ་དཔོན་གཞོན་པ་ལེང་ཡན་གོ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུ་ལས་བསྟན་དོན།  ཐེངས་འདིའི་ལས་དཔྱད་ཀྱི་དགོངས་དོན་ནི་ཕྱོགས་ཡོངས་དང་དྲང་བཞག་ལས་དཔྱད་ཀྱིས་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པར་གདེང་འཇོག་བྱེད་དགོས་པ།  སྔར་ལས་ལྷག་པའི་སྒོ་ནས་ལོ་མཇུག་གི་དམིགས་ཚད་ལས་དཔྱད་མཛུབ་སྟོན་སྣེ་ཁྲིད་ཀྱི་ནུས་པར་ཤུགས་སྣོན་བྱེད་པ།  རིམ་པ་སོ་སོའི་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པར་སྣེ་ཁྲིད་ནས་ཡིད་ཆེས་ཇེ་བརྟན་དང་།  གསར་གཏོད་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ནུས་ཤུགས་ཡོད་དགུ་བཏོན་ནས་མཚོ་ནུབ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ལས་དཔྱད་བརྒྱུད་རིམ་ནན་ཏན་བྱས་ནས་ལས་དཔྱད་བྱ་བ་ཏན་ཏིག་སྒྲུབ་པ།  ལས་དཔྱད་དམིགས་ཚད་དང་ནང་དོན་གནད་ཁེལ་ཁག་ཐེག་བྱེད་དགོས།  ལས་རྣམ་རེ་རེ་དང་ལས་རིགས་རེ་རེ་བཞིན་དུ་ལས་དཔྱད་དམིགས་ཚད་ལེགས་འགྲུབ་བྱེད་དགོས། དམིགས་ཚད་ལས་འགན་ལག་བསྟར་བྱེད་པའི་རྒྱུད་རིམ་ནང་དུ་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཉམས་མྱོང་གསོག་པ་དང་།  གསར་གཏོད་བྱེད་ཐབས་དང་གནས་པའི་གནད་དོན་སོགས་ལ་དབྱེ་ཞིབ་དང་གདེང་འཇོག་ཡང་དག་བྱེད་དགོས་ཟེར།